མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྩྭ་ཐང་གི་གཞིས་ཁུལ་གྱི་འཚོ་བ་གསར་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-04-29 10:59

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཏུའུ་ལན་རྫོང་སྒུག་རི་ཤང་ཞོལ་ར་གསེར་ཐང་གཞིས་ཁུལ་གྱི་འབྲོག་དམངས་ཀྱིས་གསར་དུ་འཛུགས་སྐྲུན་བྱས་པའི་རྩྭ་ཐང་གི་གཞིས་ཁུལ་དུ་བདེ་སྐྱིད་ངང་གྲོང་རྡལ་གྱི་འཚོ་བ་གསར་བར་རོལ་བཞིན་ཡོད། ཞོལ་ར་གསེར་ཐང་གཞིས་ཁུལ་ནི་ཏུའུ་ལན་རྫོང་སྒུག་རི་ཤང་ཤོ་མང་དང་སྦྲེ་ལུང་། གྲུ་བཞི་བཅས་རང་བྱུང་སྡེ་བ3གྱིས་གྲུབ་ཡོད་པ་དང་། ཁྱིམ་ཚང480དང་མི1480ཡོད་ལ། རྫོང་མཁར་དང་ས་ཐག་རིང་ཞིང་རྒྱལ་ལམ109དང་སྤྱི་ལེ70མཚམས་སུ་ཡོད། དུས་ཡུན་ལོ5རིང་འཛུགས་སྐྲུན་བྱས་པའི་གསར་དར་གྱི་རྩྭ་ཐང་གི་གཞིས་ཁུལ་ཞིག་ཡིན། རྩྭ་ཐང་གི་གཞིས་ཁུལ་དུ། འབྲོག་པ་མང་ཚོགས་སྦྲ་གུར་དང་ཁ་གྱེས་ནས་ཐོག་ཁང་དུ་བསྡད་ཡོ་པ་དང་། ཅིན་ཀུ་ལི་བཟོ་ཚོང་ཀུང་ཟི་བཙུགས་ནས་འབྲོག་པ་མང་ཚོགས་ཕྱིར་རྩོལ་ལས་སུ་འགྲོ་བ་དང་སྐྱེལ་འདྲེན། རྡོ་ཟེགས་ལས་སྣོན། མ་ཎི་རྡོ་བརྐོས། སྡོད་ཁང་གླ་གཏོང་སོགས་ཀྱི་བདག་གཉེར་བྱེད་ཐབས་རྩ་འཛུགས་བྱས་ཏེ། འབྲོག་པ་མང་ཚོགས་ཐོན་སྐྱེད་འཚོ་བ་གསར་བའི་ལམ་དུ་སྣེ་ཁྲིད་བྱས་ཡོད།  ། 

  • བོད་ལྗོངས་ཀྱིས་ལོ་ལྔའི་ནང་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་གཟེངས་བསྟོད་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར64ལྷག་དངོས་འབེབས་བྱས་པ།

  • བློ་མཐུན་རིན་པུས་ཧྲི་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་བཅུ་ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་ཚོགས་པ།

  • ལིག་ཡུན་ཧྲན་གྱིས་མགོ་འཛིན་མཛད་དེ་ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

  • ཚེ་གང་རིང་ཡུལ་མི་སྤུན་མཆེད་ ལ་སྨན་བཅོས་བྱས་པ།

  • ཞི་ཅིན་ཕེན་གྱིས་ཏེན་མག་གི་རྒྱལ་མོ་མཱ་ཀི་ལིས་ཐི་སྐུ་ཕྲེང་གཉིས་པ་དང་གྲོས་མོལ་མཛད་པ།

  • ལིས་ཁི་ཆང་གིས་ཨ་མེ་རི་ཁ་རྒྱལ་ཚོགས་དམངས་གྲོས་ཁང་གི་མང་ཤོས་ཏང་གི་གཙོ་འཛིན་ལ་མཇལ་འཕྲད་གནང་བ།

  • རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པ་པེ་ཅིན་ནས་གྲོལ་བ།

  • ཀྲང་ཏི་ཅང་གིས་ཨ་མེ་རི་ཁ་རྒྱལ་ཚོགས་དམངས་གྲོས་ཁང་གི་མང་ཤོས་ཏང་གི་གཙོ་འཛིན་ལ་མཇལ་འཕྲད་གནང་བ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག