མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གིས་སྐབས་བཅུ་བའི་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-04-29 10:59

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་གྱི་མགོ་ཁྲིད་ཚན་ཆུང་གིས་སྐབས་བཅུ་བའི་གྲོས་ཚོགས་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཞིང་ཆེན་ཏང་ཨུའི་སློབ་གསོའི་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་རྒྱུན་ལས་ཚན་གཙོ་གཞོན་པ་ཝང་ཅན་ཅིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་སློབ་གསོའི་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ལིན་ཅིན་ཚོགས་འདུར་ཞུགས།

ཚོགས་འདུའི་སྟེང་་ཀྲུང་དབྱང་གི་སྐོར་གཉིས་པའི་སློབ་གསོའི་ལག་ལེན་བྱ་འགུལ་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྐོར་གཉིས་པའི་སློབ་གསོའི་ལག་ལེན་བྱ་འགུལ་འཕེལ་རྒྱས་ཀྱི་གནས་ཚུལ་དང་སྐོར་དང་པོའི་སློབ་གསོའི་ལག་ལེན་བྱ་འགུལ་ལེགས་བཅོས་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་། འབྲེལ་ཡོད་ཀྱི་བྱ་བའི་འཆར་འགོད་ལ་གྲོས་ཞིབ་བྱས་ཏེ་རྗེས་ཕྱོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཝང་ཅན་ཅིན་གྱིས་བསྟན་དོན། མཚོ་སྔོན་གྱི་སྐོར་གཉིས་པའི་སློབ་གསོའི་ལག་ལེན་བྱ་འགུལ་འགོ་བརྩམས་པའི་ཚུན། ཞིང་ཆེན་ཏང་ཨུའི་མགོ་ཁྲོད་དང་ཀྲུང་དབྱང་གི་སྐོར་བསྐྱོད་ལྟ་སྐུལ་ཚན་ཆུང11པའི་ཡང་དག་པའི་མཛུབ་སྟོན་འོག ཞིང་ཆེན་ཡོངས་ཀྱིས་ཧུར་བརྩོན་བྱས་པ་བརྒྱུད་སློབ་གསོའི་ལག་ལེན་བྱ་འགུལ་དེ་བདེ་ཐང་དང་བདེ་བླག་ངང་འཕེལ་རྒྱས་སུ་ཕྱིན་ལ། གཙོ་བོ་གཤམ་གྱི་ཁྱད་ཆོས་འགའ་མངོན་ཡོད་དེ། གཅིག་ནི་མགོ་ཁྲིད་ཀྱི་སྣེ་ཁྲིད་ལ་དཔེ་སྟོན་སྐུལ་ཁྲིད་རྒྱུན་འཁྱོངས་བྱས་ཡོད་པ་དང་། གཉིས་ནི་སློབ་སྦྱོང་སློབ་གསོའི་རྣམ་པ་སྣ་མང་ཅན་ཡིན་པ། གསུམ་ནི་བསམ་འཆར་བསྡུ་ལེན་བྱས་པ་ཁྱབ་ཆེ་ཞིང་གཏིང་ཟབ་ཡིན་པ། བཞི་ནི་སློབ་སྦྱོང་དང་ཞིབ་བཤེར་བྱེད་ཞོར་དུ་ལེགས་བཅོས་བྱས་པ་བརྟན་བརླིང་དང་ཕན་ནུས་ལྡན་པ། ལྔ་ནི་ལྟ་སྐུལ་མཛུབ་སྟོན་ནན་ཏན་སྒོས་སྤེལ་ཡོད་པ། དྲུག་ནི་གླེང་ཕྱོགས་དྲིལ་སྒྲོག་གི་ཁ་དབུགས་ཧ་ཅང་ལེགས་པ་བཅས་ཡིན།

ཝང་ཅན་ཅིན་གྱིས་ནན་གྱིས་བསྟན་དོན། མུ་མཐུད་དུ་དྲིལ་སྒྲོག་བྱ་བར་གཙིགས་འཛིན་བྱས་ཏེ། གཞི་རིམ་གྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་དྲིལ་སྒྲོག་གང་ལེགས་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་གླེང་ཕྱོགས་ཀྱི་ཁ་དབུགས་ལེགས་པོ་བསྐྲུན་དགོས། ཀྲུང་དབྱང་གི་སྐོར་གཉིས་པའི་སློབ་གསོའི་ལག་ལེན་བྱ་འགུལ་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པར་གཞིགས་ཏེ། ནམ་ཡིན་ཡང་མགོ་ཁྲིད་ཀྱི་རྗེས་སུ་བསྙེགས་ཏེ་མུ་མཐུད་དུ་སློབ་སྦྱོང་སློབ་གསོའི་བྱ་བ་གཙིགས་སུ་བཟུང་ནས། བསམ་འཆར་བསྡུ་ལེན་བྱེད་པའི་རྨང་གཞིའི་སྟེང་གནད་དོན་རྩད་གཅོད་དང་། རྩད་གཅོད་དང་ལེགས་བཅོས་ནན་གྱིས་སྤེལ་ནས་རྩ་འཛུགས་མགོ་ཁྲིད་ཀྱི་ཆུ་ཚད་མཐོར་འདེགས་དང་སྐོར་གཉིས་པའི་སློབ་གསོའི་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག