མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་ཞིང་བའི་འབྲུ་རིགས་འདེབས་པར་ཐད་ཀར་ཁ་གསབ་བྱས་པའི་མ་དངུལ་སྒོར་དུང་ཕྱུར6ལས་བརྒལ་ཡོད་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-04-29 10:59

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་སྲིད་ཇུས་ཀྱིས་ཤུགས་ཆེན་པོས་རོགས་སྐྱོར་འོག མཚོ་སྔོན་ཞིང་ཆེན་གྱི་འབྲུ་རིགས་འདེབས་པའི་ཞིང་བར་ཐད་ཀར་ཁ་གསབ་བྱེད་ཚད་ལོ་རེ་བཞིན་ཇེ་མང་ལ་འགྲོ་བཞིན་ཡོད་པ་དང་། ཁ་གསབ་མ་དངུལ་དེ་ཐོག་མའི་སྒོར་ཁྲི2300ནས་ད་ལྟའི་སྒོར་དུང་ཕྱུར6.3ལ་ཇེ་མཐོར་སོང་ཡོད། རྒྱལ་དར་དམངས་ཕན་གྱི་སྲིད་ཇུས་འདི་ལག་བསྟར་བྱས་པ་ཡིས་ཕན་ནུས་ལྡན་པའི་སྒོ་ནས་ཞིང་བས་འབྲུ་རིགས་འདེབས་པའི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་བྱས་ཤིང་། ཞིང་བའི་ཡོང་སྒོ་དངོས་གནས་ཇེ་མང་དུ་བཏང་སྟེ་མཚོ་སྔོན་གྱི་འབྲུ་རིགས་ཐོན་སྐྱེད་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་བར་བྱེད་ནུས་གལ་ཆེན་འདོན་པར་ཁག་ཐེག་བྱས་ཡོད།

རྒྱུས་ལོན་པ་ལྟར་ན། རྒྱལ་ཁབ་ཀྱིས་འབྲུ་རིགས་འདེབས་པར་ཐད་ཀར་ཁ་གསབ་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་པའི་ཚུན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཐོང་ཆེན་བྱས་ཏེ། ནམ་ཡིན་ཡང་དམངས་འཚོ་ལེགས་བཅོས་བྱེད་པ་དེ་བྱ་བ་ཡོད་ཚད་ཀྱི་མགོ་རྩོམ་ས་དང་དམིགས་འབེན་དུ་བརྩིས་ནས། བློ་བརྟན་འགྱུར་མེད་ཀྱིས“ནོར་སྲིད་ཆུང་བས་དམངས་འཚོ་དོན་ཆེན་སྒྲུབ་པའི”ཐབས་ལམ་རྒྱུན་འཁྱོངས་བྱས། 2004ལོར་ཁྲལ་བསྡུ་བཅོས་བསྒྱུར་གཏན་འཁེལ་བྱས་པའི་ཁྲལ་བསྡུའི་རྒྱ་ཁྱོན་ལ་གཞིགས་ཏེ། ལོ་དེར་ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་འདེབས་པར་ཐད་ཀར་ཁ་གསབ་བྱེད་པའི་རྒྱ་ཁྱོན་མུའུ་ཁྲི575ལ་སླེབས་ཡོད། 2006ལོ་ནས་བཟུང་། རྒྱལ་ཁབ་ཀྱིས་འབྲུ་རིགས་འདེབས་པའི་ཞིང་བར་མུ་མཐུད་དུ་ཐད་ཀར་ཁ་གསབ་བྱས་པའི་དུས་མཚུངས་སུ་ཞིང་སྤྱོད་ཐོན་སྐྱེད་རྒྱུ་ཆར་ཁ་གསབ་བྱས་ཤིང་། ལོ་དེར་ལས་གཞི་འདི་གཉིས་ལ་ཁ་གསབ་བྱེད་ཚད་མུའུ་རེར་སྒོར10ལ་སླེབས་ཡོད།

ད་ལོར་འབྲུ་རིགས་འདེབས་པར་ཁ་གསབ་བྱེད་ཚད་མུའུ་རེར་སྒོར25ལ་ཇེ་མཐོར་སོང་ཡོད་པས་འབྲུ་རིགས་འདེབས་པའི་ཞིང་བར་ཐད་ཀར་ཁ་གསབ་བྱེད་ཚད་དང་ཞིང་ལས་རྒྱུ་ཆའི་ཕྱོགས་བསྡུས་ཁ་གསབ་བྱེད་ཚད་མུའུ་རེར་སྒོར100ལ་སླེབས་ཡོད། མིག་སྔར། ཞིང་ཆེན་ནོར་སྲིད་ཐིན་གྱིས་འབྲུ་རིགས་འདེབས་པའི་ཞིང་བར་ཁ་གསབ་བྱེད་པའི་མ་དངུལ་སྒོར་དུང་ཕྱུར6.3ཐད་ཀར་དུ་རྫོང་སོ་སོར་བྱིན་ཡོད་པ་མ་ཟད། ས་ཁུལ་སོ་སོས་ནན་ཏན་སྒོས་ཁ་གསབ་མ་དངུལ་དོ་དམ་གྱི་གཏན་འཁེལ་ལྟར་ལག་བསྟར་བྱས་ནས་ཁ་གསབ་མ་དངུལ་དེ་ཐད་ཀར་དུ་ཞིང་བར་ལག་ཏུ་རྩིས་སྤྲོད་བྱེད་པར་ཁག་ཐེག་བྱས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག