མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་ཅན་དང་འཐབ་ཕྱོགས་དང་པོའི་ལས་བཟོ་བས“ལྔ་གཅིག”ལ་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-29 10:59

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་དུ་གཏོགས་པའི་ངལ་རྩོལ་དཔེ་ལེགས་ཅན་གྱི་འཐུས་མི་དང་འཐབ་ཕྱོགས་དང་པོའི་ལས་བཟོ་བ་རྣམས་ཀྱིས“ལྔ་གཅིག”ལ་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཟི་ལིང་གྲོང་ཁྱེར་དང་ཞིང་ཆེན་གྱི་བཟོ་ལས་རྟེན་གཞི་གལ་ཆེན། སློབ་གསོ། ཚན་རྩལ། འཕྲོད་བསྟེན། ཁོར་ཡུག ཞིང་ཕྱུགས་སོགས་ལས་རིགས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་དང་ཞིང་བ་ལས་བཟོ་བའི་འཐུས་མི་དང་འཐབ་ཕྱོགས་དང་པོའི་ལས་བཟོ་བ་རྣམས་མཉམ་དུ་འཛོམས་ནས་ཕན་ཚུན་མཛའ་བརྩེ་གླེང་བ་དང་ཉམས་མྱོང་བརྗེ་རེས་བྱེད་པ། མ་འོངས་པར་རྒྱང་ལྟ་བྱེད་པ། མཉམ་དུ་འཕེལ་རྒྱས་གླེང་བ་བཅས་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ལིན་ཅོན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུའུ་ཉིན་གྱིས་གཏམ་བཤད།

སུའུ་ཉིན་གྱིས་བཤད་རྒྱུར། དེ་རིང་གི་ངལ་རྩོལ་དཔེ་ལེགས་ཅན་གྱིས་ངལ་རྩོལ་དཔེ་ལེགས་ཅན་རྒན་པ་རྣམས་ཀྱི་ལས་གནས་དང་ལས་རིགས་ལ་དགའ་བ་དང་དཀའ་སྤྱད་ཀྱིས་ངལ་རྩོལ་བྱེད་པ། ཡོད་ཚད་འབུལ་བའི་ཕུལ་བྱུང་གཤིས་སྤྱོད་རྒྱུན་འཛིན་བྱས་པ་མ་ཟད། དུས་རབས་གསར་བར་མཁོ་བའི་ཤེས་རིག་ལག་རྩལ་དང་མིག་རྒྱང་རིང་བ། གསར་གཏོད་བྱེད་པའི་སྙིང་སྟོབས་ལྡན་པས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་སློབ་སྦྱོང་བྱེད་པའི་མིག་དཔེ་ལེགས་པོ་ཞིག་བསྐྲུན། ང་ཚོས་ངལ་རྩོལ་དཔེ་ལེགས་ཅན་ལ་བརྩི་བཀུར་བྱེད་པའི་སྣང་ཚུལ་བཟང་བོ་བསྐྲུན་པ་དང་ངལ་རྩོལ་དཔེ་ལེགས་ཅན་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་སློང་བ། ངལ་རྩོལ་དཔེ་ལེགས་ཅན་བརྩོན་ལེན་བྱེད་པའི་བྱ་འགུལ་སྤེལ་བར་སྐུལ་སློང་བྱེད་པ། ངལ་རྩོལ་དཔེ་ལེགས་ཅན་ལ་སེམས་ཁུར་བྱེད་པའི་བྱེད་ཐབས་དངོས་འབེབས་བྱས་ནས་ངལ་རྩོལ་དཔེ་ལེགས་ཅན་གྱི་གསོན་ཤུགས་རྒྱས་པར་བྱས་ཏེ་ངལ་རྩོལ་དཔེ་ལེགས་ཅན་གསར་བས་བྱས་རྗེས་འཇོག་པར་སྣེ་ཁྲིད་བྱེད་དགོས་ཟེར།

ཝང་ཞའོ་ཡིས་ཞིང་ཆེན་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་དང་རྒྱ་ཆེའི་ལས་བཟོ་བས་མཚོ་སྔོན་གྱི་ལས་བཟོ་བའི་གོམས་སྲོལ་བཟང་བོ་དང་སྤྱོད་པ་བཟང་བོ་དར་སྤེལ་དང་རྒྱུན་འཁྱོངས་བྱས་ནས་སྟོབས་ཤུགས་གཅིག་ཏུ་བསྡུ་བ་དང་དཀའ་ཁག་ཁྱད་དུ་བསལ་ཏེ་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ། འབད་བརྩོན་གྱིས“ཁུལ་གསུམ”འཛུགས་སྐྲུན་བཅས་བྱས་ཏེ་འབྱོང་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ཡང་བསྐྱར་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན། ཉིན་དེའི་དགོང་མོར་ཞིང་ཆེན་སྤྱིའི་བཟོ་ཚོགས་དང་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་དཔལ་ཡོན་བྱ་བའི་གཞུང་སྒྲུབ་ཁང་། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས“ཀྲུང་གོའི་ཕུགས་འདུན། མཛེས་པའི་ངལ་རྩོལ”ཅེས་པའི་ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་གྱི་ཆེད་སྒྲིག་ལེ་ཚན་བསྒྲུབས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅི་ཏིས་མཱ་ཅ་དང་ཞིང་ཆེནཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུའུ་ཉིན་གཉིས་ཀྱིས་མཉམ་དུ་དགོང་ཚོགས་ལ་བལྟས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག