མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཝང་ལིན་ཅོན་གྱིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གི་བྱ་བར་རྟོག་ཞིབ་བྱས།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-29 10:59

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས28ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ལིན་ཅོན་གྱིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གི་བྱ་བར་རྟོག་ཞིབ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྡེ་བར་སྡོད་པའི་བྱ་བའི་ཚན་ཆུང་དང་སྡོད་གནས་ཀྱི་སྡེ་བས་མཉམ་དུ་བཙུགས་པའི་མཉམ་འབྲེལ་ཏང་ཀྲི་པུའུ་ཐོག་མ་སྟེ་ཐུན་རིན་རྫོང་ཐོ་རྒྱ་གྲོང་རྡལ་དཀར་རྩེ་གདོང་སྡེ་བའི་མཉམ་འབྲེལ་ཏང་ཀྲི་པུའུ་ཡི་སྒོ་བྱང་གི་ཡོལ་རས་བླངས་པ་མ་ཟད། ཞང་དང་གྲོང་རྡལ། སྡེ་བ་བཅས་ཀྱི་ཏང་ཡོན་ལས་བྱེད་པ་དང་ཞང་དང་སྡེ་བར་སྡོད་པའི་ལས་བྱེད་པ་དང་མཉམ་དུ་བཞུགས་མོལ་བྱས།

ཝང་ལིན་ཅོན་གྱིས་བསྟན་དོན། སྡེ་བར་སྡོད་པའི་བྱ་བའི་ཚན་ཆུང་དང་འདུག་སའི་སྡེ་བས་མཉམ་དུ་བཙུགས་པའི་མཉམ་འབྲེལ་ཏང་ཀྲི་པུའུ་ནི་ལས་བྱེད་པ་གཞི་རིམ་གྱི་ཞང་དང་སྡེ་བར་བསྡད་དེ་གསར་སྤེལ་བྱ་བ་གཏིང་ཟབ་ཏུ་སྤེལ་ནས། ཚད་གཞི་ཅན་དང་། རྒྱུན་ལྡན་ཅན་གྱི་ཕྱོགས་སུ་བསྐྱོད་པའི་བྱེད་ཐབས་གལ་ཆེན་ཞིག་རེད། རྩ་འཛུགས་མཉམ་འཛུགས་བྱས་པའི་ལས་འགན་ཡོངས་འགྲུབ་བྱས་རྗེས། གོ་རིམ་རྗེས་མའི་བྱ་བ་གཙོ་བོ་ཚན་རིག་དང་། གོ་རིམ་ཡོད་པ། ཕན་ནུས་མཐོ་བ་བཅས་ཀྱི་སྒོ་ནས་བྱ་བ་བསྒྲུབ་སྟེ་གསོན་ཤུགས་དང་ཕན་འབྲས་ལྡན་པར་བྱེད་རྒྱུ་དེ་ཡིན་ཟེར། ཁོས་ནན་གྱིས་བསྟན་དོན། མཉམ་འབྲེལ་ཏང་ཀྲི་པུའུ་བཙུགས་པའི་རྩ་བ་ནི་མགོ་ཁྲིད་ཚན་ཁག་ཇེ་བརྟན་དུ་གཏོང་རྒྱུ་དེ་ཡིན་ཏེ། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་སྐབས་བརྗེ་བའི་གོ་སྐབས་དམ་འཛིན་བྱས་ནས། མཉམ་འབྲེལ་ཏང་ཀྲི་པུའུ་སྲོག་ཤིང་ཡིན་པའི་སྡེ་བ་རིམ་པའི་རྩ་འཛུགས་འཛུགས་སྐྲུན་བྱ་བར་ཤུགས་སྣོན་དགོས། མཉམ་འབྲེལ་ཏང་ཀྲི་པུའུ་བཙུགས་པའི་གནད་འགག་ནི་མཉམ་ཤུགས་འདོན་རྒྱུ་དེ་ཡིན་ཏེ། སྡེ་བར་སྡོད་པའི་ལས་བྱེད་པས་སྲིད་ཇུས་ཤེས་པ་དང་མཐུན་སྦྱོར་ལ་མཁས་ཤིང་། སྡེ་བའི་ལས་བྱེད་པས་སྡེ་བའི་གནས་ཚུལ་ཤེས་པ་དང་དམངས་ཀྱི་འདོད་བློ་ཤེས་པའི་ཕྱོགས་གཉིས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཕྱོགས་གཉིས་ཀྱི་བརྩོན་སེམས་བསྐྱེད་དེ། སེམས་ཤུགས་གཅིག་སྒྲིལ་གྱིས་སྡེ་བ་འཕེལ་རྒྱས་བརྟན་འཇགས་སུ་གཏོང་བ་དང་། མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་བཏང་ནས་ཕྱུག་པོའི་ལམ་དུ་བསྐྱོད་པར་བྱས་རྗེས་འཇོག་དགོས། མཉམ་འབྲེལ་ཏང་ཀྲི་པུའུ་བཙུགས་པའི་དམིགས་ཡུལ་ནི་ནུས་པ་འདོན་སྤེལ་བྱེད་རྒྱུ་དེ་ཡིན་ཏེ། སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོབ་བྱ་བ་སྤེལ་བ་དང་། བསམ་བློའི་འདུ་ཤེས་ཇེ་མཐོར་གཏོང་བ། སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བ་སོགས་ཐད་ནས་དཔེ་སྟོན་གྱི་ནུས་པ་འདོན་དགོས་ཟེར།   །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག