མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ཐུན་མོང་ཉི་ཤུ་དང་མི་སྒེར་ལྔ་བཅུར་ཐོག་དང་པོར་ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-29 10:59

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས28ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་བོད་ལྕགས་ལམ་ཀུང་ཟི་ན་གོར་མོའི་འཕྲུལ་གཉེར་ཚན་ཁག་སོགས་ཐུན་མོང་ཉི་ཤུ་དང་། མཚོ་སྔོན་ཅང་ཧི་ཡོན་ཞིང་ཕྱུགས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་ཟིའི་དོ་དམ་པ་ཀྲའོ་རོང་ཧུང་སོགས་ལས་བཟོ་བ་ལྔ་བཅུར་སྐབས་དང་པོའི་མཚོ་སྔོན་ཞིང་ཆེན་གྱི་ལྔ་གཅིག་ངལ་རྩོལ་བྱ་དགའ་དང་རྟགས་མ་ཐོབ། དེ་ནི་ཐོག་དང་པོར་བདམས་ཐོན་བྱུང་བའི་མཚོ་སྔོན་ཞིང་ཆེན་གྱི་ལྔ་གཅིག་ངལ་རྩོལ་བྱ་དགའ་དང་རྟགས་མ་ཐོབ་མཁན་རེད།

ཉེ་བའི་ལོ་འགའི་རིང་ལ། རྒྱ་ཆེའི་ལས་བཟོ་བས་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དམ་པོར་དམིགས་པ་དང་། རང་གི་ལས་གནས་སྟེང་རྐང་བཙུགས་ཏེ། བྱ་བ་བཟང་བོར་སྒྲུབ་པ་དང་། སྤོབས་པ་ཆེན་པོས་གསར་སྐྲུན་བྱེད་པ། སྒེར་སེམས་མེད་པར་བྱས་རྗེས་འཇོག་པ་བཅས་བྱས་ནས། སྟོབས་ཤུགས་ཡོད་རྒུས་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་འཛུགས་སྐྲུན་བཅས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དང་། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་ལས་དོན་ཁྲོད་བཟོ་བ་གྲལ་རིམ་གྱི་གཙོ་ཤུགས་འདོན་སྤེལ་གང་ལེགས་བྱས་པར་མ་ཟད། བྱས་རྗེས་འབུར་དུ་ཐོན་པ་བཞག་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་སྐོར་ཞིག་བྱུང་། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱིས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་ཡང་འབད་བསྐྱར་འབད་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བཟོ་བར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། གསར་གཏོད་གསར་སྐྲུན་བྱེད་པ་དང་གྲུབ་འབྲས་སྔར་ལས་ཆེན་པོ་བརྩོན་ལེན་བྱེད་པའི་རེ་བ་བཏོན་ཡོད་ལ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་བ་རྣམས་ཀྱིས་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་ལས་བཟོ་བ་མིག་དཔེར་བཟུང་སྟེ། སྔོན་ཐོན་ལ་སློབ་སྦྱོང་དང་བྱ་བར་བཟང་བོར་བསྒྲུབ་ནས། ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ། ཁུལ་གསུམ་ཧུར་ཐག་སྒོས་འཛུགས་སྐྲུན་བྱེད་པ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ལས་འགན་མངོན་འགྱུར་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག