མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གེ་སར་ཆེད་མཁས་པ་གཅོད་པ་དོན་འགྲུབ་ལགས་ཀྱི་དཔེ་དེབ་གསུམ་འགྲེམ་སྤེལ་བྱས་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-28 11:18

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྔོན་གྱི་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་སའོ་ཡི་སའོ་ཀྲང་། གེ་སར་ཆེད་མཁས་པ། ཞིབ་འཇུག་པ་གཅོད་པ་དོན་འགྲུབ་ལགས་ཀྱིས་རྩོམ་སྒྲིག་མཛད་པའི<<གངས་ལྗོངས་གེ་སར་རིག་གནས་ཀྱི་ཕ་ས་ཁམས་ཡུལ་ཤུལ>>ཞེས་པའི་རྒྱ་བོད་ཡིག་རིགས་ཀྱི་དཔེ་དེབ་གཉིས་དང་། <<བོད་ཡུལ་གྱི་གེ་སར་སྒྲུང་པའི་རྟོག་དཔྱོད་དང་ཞིབ་འཇུག>>བཅས་དེབ་གསུམ་སོ་སོ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གཉིས་ནས་པར་སྐྲུན་འགྲེམ་སྤེལ་བྱས་པ་རེད། <<གངས་ལྗོངས་གེ་སར་རིག་གནས་ཀྱི་ཕ་ས་ཁམས་ཡུལ་ཤུལ>>ཞེས་པའི་དཔེ་དེབ་ནང་པར་རིས200ལྷག་དང་ཡིག་འབྲུ་ཁྲི60ལྷག་ཡོད་པ་དང་། <<བོད་ཡུལ་གྱི་གེ་སར་སྒྲུང་པའི་རྟོག་དཔྱོད་དང་ཞིབ་འཇུག>>ཅེས་པའི་དཔེ་དེབ་ནང་འདྲ་པར200ལྷག་དང་ཡིག་འབྲུ་ཁྲི40ལྷག་ཡོད་ལ། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གི་གནད་སའི་ཞིབ་འཇུག་ལས་གཞིའི་གྲས་ཀྱི་གཅིག་ཡིན་པས་བོད་ཡིག་སྟེང་ནས་གེ་སར་སྒྲུང་བའི་སྐོར་ཞིབ་འཇུག་བྱས་པའི་ཆེད་རྩོམ་ཐོག་མ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག