མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གནས་སྐོར་ཅུའུ་ཡིས་ཞིང་ཆེན་གྱི་ཆེད་ལས་མཁས་པ་དང་དགེ་རྒན་ཆེན་མོ། ཉམས་མྱོང་ཕུན་སུམ་ཚོགས་པའི་གནས་སྐོར་ལས་རིགས་ཀྱི་མི་སྣ་བཅས་གདན་དྲངས་ནས་གནས་སྐོར་ཞབས་ཞུ་གཞི་རིམ་དུ་སྐྱོད་པའི་བྱ་འགུལ་སྤེལ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-28 11:16

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དེང་སྐབས་མཚོ་སྔོན་ཞིང་ཆེན་གྱི་གནས་སྐོར་གྱི་དུས་ཚིགས་ཡིན་པས། ཞིང་ཆེན་གནས་སྐོར་ཅུའུ་ཡིས་ཞིང་ཆེན་གྱི་ཆེད་ལས་མཁས་པ་དང་དགེ་རྒན་ཆེན་མོ། ཉམས་མྱོང་ཕུན་སུམ་ཚོགས་པའི་གནས་སྐོར་ལས་རིགས་ཀྱི་མི་སྣ་གདན་དྲངས་ནས། གནས་སྐོར་ཞབས་ཞུ་གཞི་རིམ་དུ་སྐྱོད་པའི་བྱ་འགུལ་སྤེལ་ནས། གཞི་རིམ་གྱི་གནས་སྐོར་བྱ་བ་སྒྲུབ་པའི་མི་སྣ་གསོ་སྦྱོང་བྱས།

ཉེ་ལམ་ཞིང་ཆེན་གནས་སྐོར་ཅུའུ་ཡིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་རྫོང་བཞིའི་སྐར་མ་རིམ་པའི་མགྲོན་ཁང་དང་། སྐར་མ་རིམ་པའི་ཞང་དང་འབྲོག་ཁྱིམ་སྐྱིད་པོ་སོགས་གནས་སྐོར་བྱ་བ་སྒྲུབ་པའི་མི་ཉིས་བརྒྱ་དང་ཉི་ཤུ་ལྷག་རྩ་འཛུགས་བྱས་ནས། དུས་ཡུན་ཉིན་བརྒྱད་རིང་གི་གསོ་སྦྱོང་བྱ་བ་སྤེལ། གསོ་སྦྱོང་བྱ་བའི་ནང་དོན་ལ་གནས་སྐོར་བཅའ་ཁྲིམས་དང་། མགྲོན་པོ་སྣེ་ལེན། ཟ་ཁང་ཞབས་ཞུའི་གོ་རིམ་ཚད་ལྡན་དུ་གཏོང་བ་སོགས་འདུས། རྒྱུས་ལོན་བྱུང་བ་ལྟར་ན། གནས་སྐོར་ཞབས་ཞུ་བྱ་བ་གཞི་རིམ་དུ་སྐྱོད་པའི་བྱ་འགུལ་སྤེལ་བ་དེ་ད་རུང་མཚོ་ཤར་དང་མཚོ་ལྷོ། ཡུལ་ཤུལ། མགོ་ལོག་སོགས་ས་ཆ་ནས་སྤེལ་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག