མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཡུལ་ཤུལ་གྱི་ཁུལ་དང་རྫོང་རིམ་པའི་ཏང་ཡོན་ལས་བྱེད་པ་སུམ་བརྒྱ་དང་ཉེར་གསུམ་གཞི་རིམ་དུ་སོང་ནས“ཧྲུའུ་ཅི་དང་པོའི”འགན་ཁུར་བ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-28 10:35

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ལོ་སྟོད་ནས་བཟུང་སྟེ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་དང་རྫོང་རིམ་པའི་ཏང་ཡོན་ལས་བྱེད་པ་གཞི་རིམ་དུ་སོང་སྟེ“ཧྲུའུ་ཅི་དང་པོའི”འགན་ཁུར་བའི་བྱ་འགུལ་སྤེལ་ཏེ། ཁུལ་དང་རྫོང་ནས་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་སུམ་བརྒྱ་དང་ཉེར་གསུམ་བདམས་མངགས་བྱས་ཏེ། ཞང་དང་གྲོང་རྡལ་གྱི་ཏང་ཨུ་དང་། སྡེ་བའི་ཏང་ཀྲི་པུའུ། སྲང་ལམ་གཞུང་སྒྲུབ་ཁང་། གཞིས་ཁུལ་བཅས་ནས“ཧྲུའུ་ཅི་དང་པོའི”འགན་ཁུར་དུ་བཅུག་པ་དང་། འགན་ཁུར་ཡུན་ལོ་གཉིས་ཡིན་ལ། ཁོ་ཚོས་གཞི་རིམ་ནས་འགན་ཁུར་ཏེ་མང་ཚོགས་ལ་དོན་བཟང་སྒྲུབ་པ་དང་། སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ། འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་སྣང་བརྙན་བཟང་བོ་ཞིག་ཆགས་པར་བྱས།

ཡུས་ཤུལ་ཁུལ་ཏང་ཨུས་གཞི་རིམ་གྱི་བྱ་བ་སྔར་ལས་ཇེ་དྲག་ཏུ་གཏོང་བ་དེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལག་བསྟར་བྱེད་པའི་ཐབས་ལམ་གལ་ཆེན་དུ་བརྩིས་པ་དང་། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་དངོས་འབེབས་དང་གཞི་རིམ་གྱི་བྱ་བ་སྣ་ཚོགས་ཇེ་བཟང་དུ་གཏོང་བའི་ཐབས་ཤེས་གལ་ཆེན་དུ་བརྩིས་ལ། སྤྱོད་སྟངས་བསྒྱུར་བ་དང་། སྣང་བརྙན་ཇེ་བཟང་དུ་གཏོང་བ། དཀའ་གནད་ཐག་གཅོད་པ། འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་པར་མ་ཟད། བརྟན་འཇགས་སྲུང་སྐྱོབ་དང་འཆམ་མཐུན་སྤྱི་ཚོགས་བསྐྲུན་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། གཞི་རིམ་ལ་མགོ་ཁྲིད་བྱེད་པའི་དཔེ་དབྱིབས་ཤིག་འཚོལ་ཞིབ་དང་གསར་སྐྲུན་བྱས་པ་དང་། གཞི་རིམ་མགོ་ཁྲིད་ནུས་པ་ཇེ་དྲག་ཏུ་བཏང་།

ཟླ་གཉིས་པའི་ཟླ་དཀྱིལ་ལ། ཡུལ་ཤུལ་ཁུལ་ཏང་ཨུའི་ཧྲུའུ་ཅི་ཝུན་གོ་ཏུང་དཔལ་ཐང་ཞང་དུ་སོང་ནས་ཏང་ཨུའི་ཧྲུའུ་ཅི་དང་པོའི་འགན་ཁུར་ཏེ། འབྲོག་པ་ཁྱིམ་ཚང་དུ་བསྡད་ནས་བྱ་བར་རྟོག་ཞིབ་བྱས་ཤིང་། སྡེ་བ་དང་གཞིས་ཁུལ་འཆམ་མཐུན་འཕེལ་རྒྱས་སུ་གཏོང་བའི་བྱ་བ་བསྒྲུབས། དེ་དང་མཉམ་དུ་ཡུལ་ཤུལ་ཁུལ་དང་རྫོང་རིམ་པའི་ཏང་ཡོན་མགོ་ཁྲིད་ལས་བྱེད་པས་འགན་ཁུར་སའི་ཞང་དང་སྡེ་བའི་ནང་དུ་མགོ་ཁྲིད་ཚན་ཁག་གི་བྱ་བ་དམ་འཛིན་དང་། དཔུང་སྡེ་ཁྲིད་པ། འཕེལ་རྒྱས་ལ་ཡར་སྐུལ་དང་། བརྟན་འཇགས་སྲུང་འཛིན་བཅས་ཀྱི་བྱ་བར་དམ་དུ་དམིགས་ནས་རྫོང་དང་ཞང་། སྡེ་བ་བཅས་ཀྱི་བྱ་བ་གལ་ཆེན་དང་ལས་གཞི་གལ་ཆེན་སྤེལ་བའི་བྱ་བར་དམ་པོར་དམིགས་ནས། མཛུབ་སྟོན་བྱེད་པ་ལས་མགོ་ཁྲིད་མི་བྱེད་པ་དང་། ཟབ་ཞུགས་བྱེད་པ་ལས་འགན་སྒྲུབ་མི་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སློབ་གསོ་ལག་ལེན་བྱ་འགུལ་ཁྲོད་དུ་བྱུང་བའི་གནད་དོན་ཐག་གཅོད་པར་མཛུབ་སྟོན་བྱས་པ་དང་། དོན་དག་ངོ་མར་རྟོག་ཞིབ་ཆེན་པོ་ཐེངས་ཤིག་བྱས་ལ། གནད་དོན་ཐག་གཅོད་ཆེན་པོ་ཐེངས་ཤིག་བྱས་ལ། སྲིད་ཇུས་དྲིལ་བསྒྲགས་ཐེངས་གཉིས་བྱས་པ་དང་། བསམ་བློར་བཅིངས་འགྲོལ་ཐེངས་ཤིག་བྱས་པ་མ་ཟད། འགལ་བར་ཞིབ་བཤེར་ཐེངས་ཤིག་བྱས་པ་དང་། གཅིག་བསྡུས་ཀྱི་རིགས་གཞུང་སློབ་སྦྱོང་ཐེངས་གཉིས་སྤེལ་ལ། སྤྱོད་སྟངས་བསྒྱུར་བཅོས་ཆེན་པོ་ཐེངས་ཤིག་བྱས།

མིག་སྔར་ཁུལ་དང་རྫོང་རིམ་པའི་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་གཞི་རིམ་དུ་སོང་ནས“ཧྲུའུ་ཅི་དང་པོའི”འགན་ཁུར་བའི་བྱ་འགུལ་ལ་ཕན་འབྲས་མངོན་གསལ་ཐོབ་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག