མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཆེད་དོན་གྲོས་ཚོགས་བསྡུས་ནས་བརྟན་ནོར་གཅིག་གྱུར་ཐོ་འགོད་བྱ་བར་བཀོད་སྒྲིག་བྱས་པ།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-27 11:07

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྟན་ནོར་གཅིག་གྱུར་ཐོ་འགོད་བྱེད་པའི་སྐོར་གྱི་ཆོད་དོན་དང་དགོངས་དོན་ལག་ལེན་མཐའ་འཁྱོལ་བྱས་ཏེ། བརྟན་ནོར་གཅིག་གྱུར་ཐོ་འགོད་ཀྱི་བྱ་བ་རྒྱ་ཆེར་སྤེལ་ཆེད། ཟླ་བཞི་བའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཆེད་དོན་གྲོས་ཚོགས་བསྡུས་ནས། འབྲེལ་ཡོད་ལས་ཁུངས་མང་པོ་རྩ་འཛུགས་བྱས་ཏེ། མཉམ་དུ་ཞིང་ཆེན་ཡོངས་ཀྱི་བརྟན་ནོར་གཅིག་གྱུར་ཐོ་འགོད་བྱ་བའི་ནང་རྐྱེན་དང་བྱེད་ཐབས་ལ་ཞིབ་འཇུག་བྱས་མཐར། མཚོ་སྔོན་ཞིང་ཆེན་གྱི་བརྟན་ནོར་གཅིག་གྱུར་ཐོ་འགོད་བྱ་བའི་མགོ་ཁྲིད་ཚན་ཆུང་དང་དེའི་གཞུང་སྒྲུབ་ཁང་བཙུགས་པ་མ་ཟད། འབྲེལ་ཡོད་ལས་ཁུངས་སོ་སོའི་ལས་བགོས་ཀྱང་གཏན་ཁེལ་གསལ་བོ་བྱས།

ཚོགས་ཐོག་ནས«མཚོ་སྔོན་ཞིང་ཆེན་བརྟན་ནོར་གཅིག་གྱུར་ཐོ་འགོད་བྱ་བའི་མགོ་ཁྲིད་ཚན་ཆུང་འཛུགས་པའི་སྐོར་གྱི་བརྡ་ཐོ»དང«མཚོ་སྔོན་ཞིང་ཆེན་བརྟན་ནོར་གཅིག་གྱུར་ཐོ་འགོད་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུའི་གྲོས་མོལ་སྒྲིག་སྲོལ» «མཚོ་སྔོན་ཞིང་ཆེན་བརྟན་ནོར་གཅིག་གྱུར་ཐོ་འགོད་བྱ་བའི་མགོ་ཁྲིད་ཚན་ཆུང་གི་བྱ་བའི་བྱེད་སྲོལ»།«མཚོ་སྔོན་ཞིང་ཆེན་གྱི་བརྟན་ནོར་གཅིག་གྱུར་ཐོ་འགོད་བྱ་བའི་ལག་བསྟར་བྱེད་ཐབས»བཅས་ཀྱི་གྲོས་ཞིབ་མ་ཡིག་ལ་གྲོས་བསྡུར་དང་གྲོས་ཞིབ་བྱས།

ཚོགས་འདུའི་སྟེང་འབྲེལ་ཡོད་ལས་ཁུངས་ཁག་གིས་བསམ་བློ་གཅིག་གྱུར་བྱེད་པ་དང་། བརྟན་ནོར་གཅིག་གྱུར་ཐོ་འགོད་ལམ་ལུགས་ཀྱི་གལ་ཆེན་རང་བཞིན་ཁོང་དུ་ཆུད་པར་བྱེད་པ། ཧུར་བརྩོན་ཆེན་པོས་ལས་སྒོ་འདི་རྒྱ་ཁྱབ་ཀྱིས་སྤེལ་བ་བཅས་བྱས་ནས། བརྟན་ནོར་གཅིག་གྱུར་ཐོ་འགོད་ལམ་ལུགས་འཛུགས་པའི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག