མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཚ་རྔ་འགག་གི་ཆུ་འོད་གསབ་རེས་མཐུན་སྦྱོར་འཁོར་རྒྱུག་གི་ཞིབ་འཇུག་དང་བཀོལ་སྤྱོད་ཞིབ་འཇུག་གི་གྲུབ་འབྲས་ལ་ཞིབ་བཤེར་རྩིས་ལེན་ཐོབ་པ།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-27 11:07

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ནུས་ཁུངས་ཅུའུ་དང་ཆུ་གློག་ཆུ་བེད་ཇུས་འགོད་འཆར་འགོད་སྤྱི་ཁྱབ་ཁང་གཉིས་ལ་གཞོགས་འདེགས་བྱས་ནས། ཚ་རྔ་འགག་གི་ཆུ་འོད་གསབ་རེས་མཐུན་སྦྱོར་འཁོར་རྒྱུག་གི་ཞིབ་འཇུག་དང་བཀོལ་སྤྱོད་ཞིབ་འཇུག་གི་གྲུབ་འབྲས་ལ་ཞིབ་བཤེར་རྩིས་ལེན་བྱེད་པའི་ཚོགས་འདུ་ཟི་ལིང་ནས་བསྡུས།

ཚོགས་ཐོག་ནས་དཔྱད་ཞིབ་བྱས་པ་བརྒྱུད་ཐེངས་འདིའི་ཞིབ་འཇུག་གི་འབྲས་བུར་ཆོག་མཆན་ཐོབ་ལ། ཚ་རྔ་འགག་གི་ཆུ་འོད་གསབ་རེས་ཉི་འོད་གློག་འདོན་ལས་གཞི་དེས་ཉི་འོད་གློག་འདོན་འཕེལ་རྒྱས་སུ་གཏོང་སྟངས་དང་ཉེར་སྤྱོད་ལག་རྩལ་གྱི་ཐད་ནས་གསར་སྐྲུན་བྱས་ཡོད་པར་ཁས་ལེན་བྱས། ལས་གཞི་འདིས་ཆུ་མཛོད་ཀྱི་སྙོམ་སྒྲིག་ནུས་པར་བརྟེན་ནས་ཉི་འོད་གློག་འདོན་ཐབས་ཤེས་ལེགས་བསྒྱུར་བྱས་པ་དང་། ཉི་འོད་གློག་འདོན་གྱི་སྤུས་ཀ་མཚམས་མཚམས་སུ་བརྟན་འཇགས་མིན་པ་དང་སྐབས་བསྟུན་རང་བཞིན་སོགས་ཀྱི་གནད་དོན་ལེགས་བཅོས་བྱས་ལ། གློག་འདོན་སྐུད་ལམ་བཀོལ་སྤྱོད་བྱེད་ཚད་ཇེ་མཐོར་བཏང་ཞིང་། ཉི་འོད་གློག་འདོན་ས་ཚིགས་ཀྱི་ཕྱོགས་བསྡུས་བཀོལ་སྤྱོད་ཕན་འབྲས་ཇེ་མཐོར་བཏང་། དེ་ཆུ་འོད་གསབ་རེས་མཐུན་སྦྱོར་འཁོར་རྒྱུག་གི་སྒྲིག་ལུགས་འཚོལ་ཞིབ་བྱེད་པ་དང་། ཉི་འོད་ཐོན་ལས་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག