མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ད་ལོའི་ཟླ2པའི་ཟླ་མཇུག་ནས་ད་བར་དུ་མཚོ་སྔོན་གྱིས་ཕྱོགས་ཡོངས་ནས་སློབ་གྲྭའི་ཟ་ཁང་དང་ཟས་རིགས་བདེ་འཇགས་ལ་ལེགས་བཅོས་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-04-27 10:50

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཟས་རིགས་སྨན་རྫས་བདེ་འཇགས་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཟླ2པའི་ཟླ་མཇུག་ནས་ད་བར་དུ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཟས་རིགས་སྨན་རྫས་བདེ་འཇགས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཁོངས་གཏོགས་ཀྱི་སློབ་གྲྭའི(བྱིས་གཉོར་ཁང་ཚུད)ཟ་ཁང་དང་ཟས་རིགས་བདེ་འཇགས་ལ་ཕྱོགས་ཡོངས་ནས་ལྟ་སྐུལ་ཞིབ་བཤེར་དང་ཆེད་དམིགས་ལེགས་བཅོས་བྱས།

རྒྱུས་ལོན་པ་ལྟར་ན། མཚོ་སྔོན་གྱི་ཞིང་ཆེན་དང་གྲོང་ཁྱེར(ཁུལ)། རྫོང་བཅས་རིམ་པ་གསུམ་གྱི་བཟའ་བཏུང་ཞབས་ཞུ་ཟས་རིགས་བདེ་འཇགས་ལྟ་སྐུལ་སྡེ་ཁག་གིས་སོ་སོར་ཆེད་དམིགས་ལེགས་བཅོས་འཆར་འགོད་བཟོས་ཏེ། ཁྲིམས་འཛིན་ནུས་པ་གཅིག་བསྡུས་གྱིས་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་སློབ་གྲྭ་དང་བྱིས་གཉོར་ལས་ཁུངས་གི་འགན་འཁུར་མི་སྣ་གཙོ་བོ་ནི་ཟས་རིགས་བདེ་འཇགས་ཀྱི་འགན་འཁུར་མཁན་དང་པོ་ཡིན་པའི་འགན་འཁྲི་འདུ་ཤེས་ཇེ་ཆེར་བཏང་ལ། 《སློབ་གྲྭའི་ཟ་ཁང་དང་ཟས་རིགས་བདེ་འཇགས་བྱ་བའི་དམིགས་ཚད་འགན་འཁྲི་ཡི་གེ》དང《བཟའ་བཏུང་ཞབས་ཞུ་ལས་ཁུངས་ཀྱི་ཟས་རིགས་བདེ་འཇགས་འགན་ལེན་ཡི་གེ》ལ་གན་རྒྱ་བཞག་ཚད100%ལ་སླེབས་ཡོད།

ཞིབ་བཤེར་བྱས་པ་བརྒྱུད། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ(བྱིས་གཉོར་ཁང་ཚུད)མང་ཆེ་བའི་ཟ་ཁང་གིས་ཚད་ལྡན་གྱི་གཡོས་སྦྱོར་བྱེད་ཐབས་ནན་ཏན་སྒོས་དངོས་འབེབས་བྱེད་ཐུབ་ཀྱིན་ཡོད་པས། ཟས་རིགས་བདེ་འཇགས་འགན་སྲུང་ནུས་པ་སྔར་ལས་ཇེ་མཐོར་གཏོང་ཐུབ། ཞིབ་བཤེར་ཁྲོད་སློབ་གྲྭ་ཁ་ཤས་ཀྱི་ཟ་ཁང་དུ་དྲ་ཐོག་ཐིམ་སྒྲིལ་ཟས་རིགས་དང་སྐོམ་ཆུ་ཕྱིར་འཚོང་བྱེད་བཞིན་ཡོད་པ་དང་། སློབ་གྲྭ་སྐོར་ཞིག་གི་ཟ་ཁང་གི་ཁྱབ་ཚུལ་འོས་འཚམ་མིན་ལ་ཁོར་ཡུག་གཙང་སྒྲ་ཞན་པ། ཟ་ཆས་ཡོ་བྱད་དུག་སེལ་བྱས་པ་ཚད་ལྡན་མིན་པ་སོགས་ཀྱི་གནད་དོན་ཡོད་པས་ཡུལ་དངོས་སུ་ལེགས་བཅོས་བསམ་འཆར་ཡི་གེ19བསྒྲགས་ཏེ་མགྱོགས་མྱུར་གྱིས་ལེགས་བཅོས་བྱེད་དགོས་པའི་བླང་བྱ་བཏོན།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག