མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲང་ཅན་མེན་གྱིས་གནམ་གྲུ་ཐང་གི་མྱུར་བགྲོད་གཞུང་ལམ་འགྲམ་རྒྱུད་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་རྟོག་ཞིབ་བྱས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-27 10:49

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ཅན་མེན་ཡུལ་དངོས་སུ་སོང་ནས་གནམ་གྲུ་ཐང་གི་མྱུར་བགྲོད་གཞུང་ལམ་འགྲམ་རྒྱུད་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་རྟོག་ཞིབ་བྱས། ཁོས་ལས་གཞི་འཛུགས་སྐྲུན་བྱེད་ཚད་མགྱོགས་པ་དང་གྲུབ་འབྲས་བཟང་བར་ཁས་ལེན་གང་ལེགས་བྱས་པ་མ་ཟད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར་དུ། ལམ་ཐིག་དེ་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་ལྗང་མདོག་གི་སྐྱེ་ཁམས་མཛེས་ལྗོངས་ལམ་གཙོ་བོར་གསར་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན།

ཀྲང་ཅན་མེན་གྱིས་རྟོག་ཞིབ་བྱེད་སྐབས་ལས་གཞི་དེའི་ཞིག་སྤོ་བཀོད་སྒྲིག་དང་ས་ཞིང་བསྡུ་ལེན་བྱ་བར་རྒྱུས་ལོན་ཟབ་མོ་བྱས་པ་དང་། འཆར་འགོད་བྱེད་ཚུལ་དང་ཉེན་ཁ་ཆེ་བའི་བྲག་རྡོ་བཅོས་སྐྱོང་། ལྗང་བསྒྱུར་བཟོ་སྐྲུན་ལག་བསྟར་སོགས་ཀྱི་གནས་ཚུལ་ལ་བལྟས། ཁོས་བསྟན་དོན། ལས་གཞི་འདི་ན་ནིང་ཞིག་སྤོར་བྱས་པ་ནས་ད་ལོར་ལྗང་བསྒྱུར་ཁུལ་འཛུགས་སྐྲུན་བྱེད་པའི་བར་དུ། ཟི་ལིང་གྲོང་ཁྱེར་གྱི་ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་ཏེ་བྱ་བ་མང་པོ་བསྒྲུབས་པས། ལས་གཞི་ཧྲིལ་བོའི་འཕེལ་རིམ་ཧ་ཅང་མགྱོགས་པ་དང་། འགྲམ་རྒྱུད་ཀྱི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་། གོ་རིམ་རྗེས་མར་འཆར་འགོད་སྔར་ལས་ལག་བསྟར་བཟང་བོ་བྱེད་པ་དང་། སྒྲིག་ཆས་སྣ་ཚོགས་དང་འགྲིམ་འགྲུལ་གཞུང་ལམ་གྱི་འཛུགས་སྐྲུན་ཐད་ནས་འཆར་འགོད་ལྟར་ལག་བསྟར་བྱེད་པ་དང་། དུས་སྐབས་རྗེས་མའི་མཛེས་ལྗོངས་འཛུགས་སྐྲུན་ཐད་ནས་རྒྱུ་སྤུས་མཐོར་འདེགས་དང་ཁྱད་ཆོས་འབུར་ཐོན་བྱེད་པ་གཙོ་བོར་བྱེད་དགོས་ལ། དེ་དང་མཉམ་དུ། དམངས་འཚོ་ལ་ཞབས་འདེགས་ཞུ་བར་རྐང་བཙུགས་ནས། སྤྱི་གླིང་གི་རྩྭ་འདེབས་ས་དང་བགྲོད་ལམ་ལ་འཆར་འགོད་འོས་མཐུན་བྱས་ཏེ། མང་ཚོགས་ཀྱི་འགྲོ་འོང་ཐད་སྟབས་བདེ་བསྐྲུན་ནས། མང་ཚོགས་ཀྱིས་ལས་གཞི་འཛུགས་སྐྲུན་གྱི་གྲུབ་འབྲས་ཉམས་སུ་མྱོང་ཐུབ་པར་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག