མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ནར་མ་སོན་པའི་མི་ལ་སང་སྐྱོབ་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-26 11:03

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་ནར་མ་སོན་པའི་མི་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གིས་ཉིས་སྟོང་བཅུ་བཞི་ལོའི་ཚང་འཛོམས་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་ཉིས་སྟོང་བཅུ་གསུམ་ལོའི་བྱ་བར་སྤྱི་བསྡོམས་དང་ཉིས་སྟོང་བཅུ་བཞི་ལོའི་བྱ་བར་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ། མཚོ་སྔོན་ཞིང་ཆེན་ནར་མ་སོན་པའི་མི་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཞའོ་ཚོགས་འདུར་ཞུགས་ནས་གཏམ་བཤད། ཞིང་ཆེན་ནར་མ་སོན་པའི་མི་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཡོངས་དང་། ཁུལ་དང་གྲོང་ཁྱེར་སོ་སོའི་ནར་མ་སོན་པའི་མི་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་གཞུང་ལས་ཁང་གི་ཀྲུའུ་རིན། དེའི་ཁོངས་གཏོགས་ལས་ཁུངས་ཀྱི་ཁོངས་མི་བཅས་གྲོས་ཚོགས་སུ་ཞུགས།

ཚོགས་འདུའི་སྟེང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྣེ་ཁྲིད་འོག་ཏུ། ཞིང་ཆེན་ཡོངས་ཀྱི་འབྲེལ་ཡོད་ལས་ཁུངས་དང་ཁོངས་གཏོགས་ལས་ཁུངས་སོ་སོས་འབད་བརྩོན་ལྷོད་མེད་དང་། ནན་ཏན་གྱིས་བྱ་བ་བསྒྲུབས་ཏེ། གྲུབ་འབྲས་གཡུར་དུ་ཟ་བ་བླངས་བར་གདེང་འཇོག་མཐོན་པོ་བྱེད་འོས། དེ་དང་མཉམ་དུ་ནར་མ་སོན་པའི་མི་སྲུང་སྐྱོབ་ཀྱི་ལས་རིམ་ཁྲོད་གནས་པའི་གནད་དོན་ཅི་ཡོད་ལ་དབྱེ་ཞིབ་གསལ་བོ་དང་ཞིབ་འཇུག་ནན་མོ་བྱས་ཏེ། ནར་མ་སོན་པའི་མི་སྲུང་སྐྱོབ་བྱ་བའི་ལམ་ལུགས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་བསྟན།

ཚོགས་འདུའི་སྟེང་ནར་མ་སོན་པའི་མི་སྲུང་སྐྱོབ་བྱ་བའི་རྩ་འཛུགས་ཀྱི་དགེ་མཚན་ཟམ་མ་ཆད་པར་འདོན་སྤེལ་གང་ལེགས་བྱེད་པ་དང་། གཞི་རིམ་མང་ཚོགས་དང་དམ་དུ་སྤྲེལ་བའི་བྱ་བའི་བྱེད་ཕྱོགས་ཤུགས་ཡོད་ཅན་དུ་བསྒྱུར་ནས། ཆ་འཕྲིན་མཉམ་སྤྱོད་བྱས་ཆོག་པའི་བྱ་བའི་སྟེགས་བུ་བསྐྲུན་དགོས་པ་མ་ཟད། འོས་འཚམ་གྱི་བྱ་བའི་བྱེད་ཕྱོགས་གསར་བ་བསྐྲུན་དགོས་ཞེས་ནན་གྱིས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག