མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྐབས་བཅུ་གསུམ་པའི་མཚོ་བསྐོར་འགྲན་བསྡུར་གྱི་ལམ་ཐིག་གཏན་འཁེལ་བྱས་པ་དང་བྱ་དགའི་མ་དངུལ་ཨ་སྒོར་ཁྲི100ལ་འཕར་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-26 11:01

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་སྐབས་བཅུ་གསུམ་པའི་མཚོ་སྔོན་པོར་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱི་གྲ་སྒྲིག་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། སྐབས་བཅུ་གསུམ་པའི་མཚོ་བསྐོར་འགྲན་བསྡུར་གྱི་ལམ་ཐིག་དང་འགྲན་མཚམས། འགྲན་ཞུགས་རུ་ཁག་བཅས་གཏན་འཁེལ་བྱས་པ་དང་། བྱ་དགའི་སྤྱིའི་སྒོར་མོ་ཨ་སྒོར་ཁྲི100ལ་འཕར་ཡོད།

མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ཡི་ཅུའུ་ཀྲང་ཀྲང་ཉིན་གྱིས་བསྟན་དོན། སྐབས་བཅུ་གསུམ་པའི་མཚོ་བསྐོར་འགྲན་བསྡུར་དེ་ཟླ7པའི་ཚེས6ཉིན་ནས་ཚེས19ཉིན་བར་སྤེལ་རྒྱུ་ཡིན་པ་དང་། བསྡོམས་པས་ཉིན14ལ་འགྲན་བསྡུར་བྱེད་རྒྱུ་ཡིན་ལ་བར་དུ་ཉིན1ལ་ངལ་གསོ་བྱེད་རྒྱུ་རེད། ཐེངས་འདིའི་མཚོ་བསྐོར་འགྲན་བསྡུར་ལ་མུ་མཐུད་དུ་མཚོ་སྔོན་དང་ཀན་སུའུ། ཉིན་ཞ་བཅས་ཞིང་ལྗོངས་གསུམ་དུ་བརྒལ་བ་དང་། བསྡོམས་པས་འགྲན་མཚམས13ཡོད་ལ། དེའི་ནང་མཚོ་སྔོན་ཞིང་ཆེན་མངའ་ཁོངས་སུ་འགྲན་མཚམས7.5དང་། ཀན་སུའུ་ཞིང་ཆེན་མངའ་ཁོངས་སུ་འགྲན་མཚམས3.5། ཉིན་ཞ་ཧེ་རིགས་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་སུ་འགྲན་མཚམས2བཅས་ཡོད།

འགྲན་བསྡུར་གྱི་མགོ་རྩོམ་ཡུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་ཡིན་པ་དང་མཇུག་སྒྲིལ་ཡུལ་ནི་ཀན་སུའུ་ཞིང་ཆེན་གྱི་ལན་ཀྲོའུ་གྲོང་ཁྱེར་ཡིན། ཏ་ཐུང་དང་ཧུའུ་ཀྲུའུ། ནུབ་མཚོ་གྲོང་རྡལ། མཚོ་སྔོན་པོ། ཁྲི་ཀ། ཐུན་རིན། དཔའ་ལུང་། ཞོན་ཧྭ། ལིན་ཞ། ལིན་ཐའོ། ཐེན་ཧྲོས། ཕིན་ལིང་། དབྱིན་ཁྲོན། ཀྲུང་ཝེ་སོགས་ས་ཁུལ་བརྒྱུད་ཡོད།

ཐེངས་འདིའི་འགྲན་བསྡུར་གྱི་སྤྱིའི་ལམ་ཐག་ལ་སྤྱི་ལེ3591དང་། དེའི་ནང་འགྲན་བསྡུར་ལམ་ཐག་སྤྱིའི་ལེ2201ཡོད་པས་ན་ནིང་གི་འགྲན་བསྡུར་ལམ་ཐག་ལས་སྤྱི་ལེ200ཇེ་མང་ལ་སོང་ཡོད། བྱ་དགའི་སྒོར་མོ་སྤྱི་གྲངས་དེ་ཡ་གླིང་གི་ཨང་དང་པོ་ཡིན་པ་རྒྱུན་འཁྱོངས་བྱས་ཡོད་པ་དང་། འགྲན་ཞུགས་རུ་ཁག22ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག