མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་སྤྱིའི་མ་དངུལ་སྒོར་དུང་ཕྱུར48བཏང་ནས་ཚད་ལྡན་ཅན་གྱི་སློབ་གྲྭ་འཛུགས་སྐྲུན་བྱེད་པའི་བཟོ་འགོད་འཆར་གཞི་ད་ལོར་ལེགས་འགྲུབ་བྱེད་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-26 11:01

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས23ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱིས་བསྡུས་པའི་སློབ་གསོའི་ཆེད་དོན་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་གྱི2012ལོའི་ཟླ8པའི་ཚེས30ཉིན་མགོ་བརྩམས་པའི་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་འི་བཟོ་འགོད་ལ་འཆར་བཀོད་སྤྱིའི་མ་དངུལ་སྒོར་དུང་ཕྱུར48.16ཡིན་པ་དང་། བཟོ་འགོད་ལག་བསྟར་དུས་ཡུན་ནི་ལོ3ཡིན་ལ། ད་ལོ་ནི་བཟོ་འགོད་དེ་མཇུག་སྒྲིལ་བའི་ལོ་ཡིན། བཟོ་འགོད་དེ་ལག་བསྟར་བྱས་པ་ཡིས་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཁྱབ་ཚུལ་ལེགས་སྒྲིག་བྱས་རྗེས་དུས་ཡུན་རིང་བོར་རྗེས་སུ་ལུས་པའི་ཤང་གྲོང་རིམ་པ་ཡན་གྱི་སློབ་གྲྭ་ཆུང་འབྲིང་སློབ་མའི་མལ་ཁང་གི་རྒྱ་ཁྱོན་དང་། སློབ་གསོའི་ལག་རྩལ་སྒྲིག་ཆས། སློབ་གསོ་ཆ་འཕྲིན་ཅན་དུ་བསྒྱུར་བ་བཅས་ཚད་ལྡན་དུ་བཏང་སྟེ། ད་ལྟའི་དུས་སྐབས་ཀྱི་སློབ་གསོའི་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་གཞི་རྩའི་དགོས་མཁོ་སྐོང་ཐུབ།

2013ལོའི་ལོ་མཇུག་བར་དུ། མཚོ་སྔོན་གྱིས་བསྡོམས་པས་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར35.18བཏང་བ་དང་དེས་སྤྱིའི་འཆར་བཀོད་མ་དངུལ་སྒོར་དུང་ཕྱུར48.16ཡི73.2%ཟིན་ཡོད།

བཟོ་འགོད་འདི་མིག་སྔར་ཐོག་མའི་ཕན་འབྲས་ཐོབ་ཡོད་པ་དང་། སློབ་གྲྭ་བདེ་འཇགས་བཟོ་འགོད་དང་ཁྱབ་ཚུལ་ལེགས་སྒྲིག་བྱས་པའི་རྗེས་ལུས་ཀྱི་སློབ་སྒྲུབ་ཆ་རྐྱེན་ལ་མངོན་གསལ་གྱིས་ལེགས་བཅོས་ཐོབ་ཡོད། སློབ་གྲྭ་ཆུང་འབྲིང582ལ་རྒྱལ་ཁབ་ཀྱི་སློབ་ཁྲིད་ཚད་གཞི་ལྟར་ཚོད་ལྟ་དང་དཔེ་སྟོན་ཚོད་ལྟ་བཙུགས་ཏེ། སློབ་མའི་ལག་ལེན་གྱི་ནུས་པ་ཇེ་མཐོར་བཏང་ཡོད། སློབ་གྲྭ་ཆུང་འབྲིང496ལ་ཆ་འཕྲིན་ལག་རྩལ་སྒྲིག་ཆས་ཆ་སྡེབ་བྱས་ནས་འཛིན་གྲྭ་སོ་སོ་དང་སློབ་གྲྭའི་སློབ་གསོ་ཐོན་ཁུངས་མཉམ་སྤྱོད་བྱེད་པ་མངོན་འགྱུར་བྱས་ཡོད།

ད་ལོ་ནི་ཚད་ལྡན་ཅན་གྱི་སློབ་གྲྭ་འཛུགས་སྐྲུན་བྱེད་པའི་བཟོ་འགོད་ཀྱི་མཇུག་སྒྲིལ་བའི་ལོ་ཡིན་ལ། འཆར་གཞི་ལྟར་ན་སློབ་གྲྭ་ཆུང་འབྲིང་ཚད་ལྡན་ཅན་དུ་བསྒྱུར་བའི་ལྷག་མའི་མ་དངུལ་སྒོར་དུང་ཕྱུར13.16བཀོད་སྒྲིག་བྱས་ཏེ། གཙོ་བོ་རྫོང་དང་གྲོང་རྡལ་སློབ་གྲྭའི་སློབ་མ་མང་བའི་འཛིན་གྲྭའི་སློབ་ཁང་དང་། བཅའ་སྡོད་ལམ་ལུགས་སློབ་གྲྭའི་སློབ་མའི་འཚོ་བའི་སྡོད་ཁང་དང་སློབ་གསོ་ལག་རྩལ་སྒྲིག་ཆས། ཟ་ཁང་སྒྲིག་ཆས་ཉོ་སྒྲུབ་དང་ཆ་འཕྲིན་ཅན་འཛུགས་སྐྲུན་སོགས་ཀྱི་ཐད་བཀོལ་རྒྱུ་རེད། ད་ལོའི་ཟླ2པར་ཞིང་ཆེན་སྲིད་གཞུང་དང་ས་ཁུལ་སོ་སོའི་སྲིད་གཞུང་བར་དུ་དམིགས་ཚད་འགན་འཁྲི་གན་རྒྱ་བཞག་སྟེ། 2013ལོའི་ཡར་སྔོན་གྱི་སློབ་གསོའི་ལས་གཞི་དག་ཕྱོགས་ཡོངས་ནས་ལེགས་འགྲུབ་དང་བེད་སྤྱོད་བྱེད་པར་ཁག་ཐེག་བྱེད་དགོས་པ་དང་། 2014ལོའི་ལོ་སྟོད་དུ་གཏན་འཁེལ་བྱས་པའི་ལས་གཞི་དག་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་དགོས་པའི་བླང་བྱ་གསལ་བོར་བཏོན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག