མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་དུས་ཡུན་ལོ་ལྔའི་རིང་རྫོང་དང་ས་ཁུལ42ཀྱི་སློབ་གྲྭ་ཆུང་འབྲིང་གི་དགོས་མཁོ་ཆེན་མོ6སྐོང་བ་གཙོ་གནད་དུ་བཟུང་སྟེ་ཐག་གཅོད་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-26 11:01

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལྟ་མཚོ་སྔོན་ཞིང་ཆེན་གྱིས་དབུལ་ཕོངས་ས་ཁུལ་གྱི་འོས་འགན་སློབ་གསོའི་ནུས་ཤུགས་ཞན་པའི་སློབ་གྲྭའི་གཞི་རྩའི་སློབ་སྒྲུབ་ཆ་རྐྱེན་ལེགས་བཅོས་བྱེད་པའི་ལས་གཞི་ལག་བསྟར་བྱེད་རྩིས་ཡོད། ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་བསྡུས་པའི་ཞིང་ཆེན་ཡོངས་ཀྱི་སློབ་གསོ་བྱ་བའི་ཆེད་དོན་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། སློབ་གསོའི་ནུས་ཤུགས་ཞན་པའི་སློབ་སྒྲུབ་ཆ་རྐྱེན་ལེགས་བཅོས་བྱེད་པའི་ལས་གཞི་དེ2014ལོ་ནས2018ལོའི་བར་ཡིན་ལ། ལག་བསྟར་བྱེད་ཡུལ་ནི་ཟི་ལིང་གྲོང་ཁྱེར་གྱི་ས་ཁུལ་བཞི་ཕུད་པའི་ཞིང་ཆེན་ཡོངས་ཀྱི་རྫོང42ཡིན།

ཐེངས་འདིའི་སློབ་གསོའི་ནུས་ཤུགས་ཞན་པའི་སློབ་སྒྲུབ་ཆ་རྐྱེན་ལེགས་བཅོས་བྱེད་པའི་ལས་གཞིའི་དམིགས་འབེན་གཙོ་བོ་ནི་དུས་ཡུན་ལོ3ནས་ལོ5རིང་ཧུར་བརྩོན་བྱས་ཏེ་གཙོ་བོ་རྫོང་དང་ས་ཁུལ42གྱི་སློབ་གྲྭ་ཆུང་འབྲིང་གི་དགོས་མཁོ་ཆེན་མོ6བསྐངས་ནས། མཚོ་སྔོན་དབུལ་ཕོངས་ས་ཁུལ་གྱི་ཞིང་སྡེའི་འོས་འགན་སློབ་གསོའི་སློབ་གྲྭའི་སློབ་ཁང་དང་སྒྲོག་ཙེ་དང་སྐུབ་སྟེགས། དཔེ་ཆ། ཚོད་ལྟའི་དཔྱད་ཆས། ལུས་རྩལ་ར་བ་སོགས་སློབ་ཁྲིད་སྒྲིག་ཆས་ཀྱིས་གཞི་རྩའི་སློབ་ཁྲིད་དགོས་མཁོ་སྐོང་བ་དང་། སློབ་གྲྭའི་མལ་ཁང་དང་མལ་ཁྲི། སྤྱོད་ང་། ཟ་ཁང་། འཐུང་ཆུ་སོགས་འཚོ་བའི་སྒྲིག་ཆས་ཀྱིས་གཞི་རྩའི་འཚོ་བའི་དགོས་མཁོ་སྐོང་བ། ཁྱིམ་སྲུང་བྱིས་པའི་སློབ་སྦྱོང་དང་བཅའ་སྡོད་དགོས་མཁོའི་གཞི་རྩའི་ཐོག་མངོན་འགྱུར་བྱས་ཏེ་སྡེ་བའི་སློབ་ཆུང་དང་སློབ་ཁྲིད་ས་ཚིགས་རྒྱུན་ལྡན་ངང་འཁོར་སྤྱོད་བྱེད་པ། རྫོང་དང་གྲོང་རྡལ་གྱི་འཛིན་གྲྭ་ཁག་གི་སློབ་མ་མང་བའི་སྣང་ཚུལ་གཞི་རྩའི་ཐོག་ཞི་ལྷོད་དུ་བཏང་ནས་སློབ་ཆུང་འཛིན་གྲྭ་རེའི་སློབ་མ་མི45ལས་མི་བརྒལ་བ་དང་། དམའ་འབྲིང་འཛིན་གྲྭ་རེའི་སློབ་མ་མི50ལས་མི་བརྒལ་བ་མངོན་འགྱུར་བྱེད་པ། དགེ་རྒན་གྱི་ཆ་སྡེབ་དགོས་མཁོ་དག་འོས་འཚམ་གྱིས་སྐོང་བ། སློབ་ཆུང་གི་སློབ་བྱོལ་ཚད་དེ་ཧུར་བརྩོན་གྱིས0.6%མན་དུ་ཚོད་འཛིན་བྱེད་པ་དང་དམའ་འབྲིང་གི་སློབ་བྱོལ་བྱེད་ཚད1.8%མན་དུ་ཚོད་འཛིན་བྱེད་པ་བཅས་ཡིན།

དེར་བརྟེན། མཚོ་སྔོན་ལ་ཚོད་དཔག་ལྟར་ན་ལོ་རེར་ཀྲུང་དབྱང་གི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར4ཡས་མས་བྱིན་ནས་ལོ་ལྔའི་རིང་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར20གཏོང་རྒྱུ་རེད། རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཚོགས་དང་། སློབ་གསོ། ནོར་སྲིད། འཛུགས་སྐྲུན་སོགས་སྡེ་ཁག་གིས་སློབ་གསོའི་ནུས་ཤུགས་ཞན་པའི་སློབ་སྒྲུབ་ཆ་རྐྱེན་ལེགས་བཅོས་བྱེད་པའི་ལས་གཞི་ལ་ཕྱོགས་ཡོངས་ནས་རྩད་ཞིབ་བྱེད་པ་མགོ་བརྩམས་པ་མ་ཟད། མ་དངུལ་གྱི་དགོས་མཁོ་ཐད་ནས་ཐོག་ནས་སྔོན་རྩིས་བྱེད་བཞིན་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག