མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཡུལ་ཤུལ་ནས་ལྷ་སའི་བར་དུ་གནམ་གྲུ་ཤར་གཏོང་བྱས།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས།  2014-04-26 11:01

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་དང་སྐར་མ་གསུམ་གྱི་ཐོག བོད་ལྗོངས་མཁའ་འགྲུལ་ཀུང་སིའིTV9871རྟགས་ཅན་གྱི་གནམ་གྲུ་དེ་མཚོ་སྔོན་ཡུལ་ཤུལ་དཔལ་ཐང་གནམ་གྲུ་ཐང་ཆེན་དུ་བབས་ནས་མཚོ་སྔོན་ཡུལ་ཤུལ་དང་བོད་ལྗོངས་ལྷ་སའི་བར་བསྐྱོད་པའི་གནམ་གྲུ་དངོས་སུ་ཤར་གཏོང་བྱས།

ཡུལ་ཤུལ་ཁུལ་ཡུལ་ཤུལ་གྲོང་ཁྱེར་སྐྱེ་རྒུ་གྲོང་རྡལ་དུ་སྡོད་པའི་ཚེ་ཟླ་ཡིས་ཁ་པར་གྱི་ལམ་ནས་ཀྲུང་གོའི་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། རྗེས་ཕྱོགས་གནམ་གྲུར་བསྡད་ནས་ལྷ་སར་འགྲོ་ཐུབ་པས་དུས་ཚོད་ཇེ་ཐུང་དུ་བཏང་འདུག་ཟེར།

ཡུལ་ཤུལ་ཁུལ་ཡུལ་སྐོར་ཅུའུ་ཡི་ཅུའུ་ཀྲང་ལིག་ལིས་ཀྲི་ཡིས་བཤད་རྒྱུར། ཡུལ་ཤུལ་ནས་ལྷ་སའི་བར་དུ་གནམ་གྲུ་ཤར་གཏོང་བྱས་པ་དང་བསྟུན་ནས་ཡུལ་སྐོར་བ་སྔར་ལས་མང་པོས་བོད་ཁུལ་གྱི་གོམས་སྲོལ་ཁྱད་པར་བ་དེར་ཐད་ཀར་མྱོང་རོལ་དང་། རྨ་འབྲི་རྫ་གསུམ་དང་། རྩྭ་ཐང་གི་མཛེས་ལྗོངས། བོད་བརྒྱུད་ནང་བསྟན་གྱི་རིག་གནས་སོགས་ལ་ཡང་ཅི་དགར་ཉམས་སུ་མྱོང་ཐུབ་ཟེར། ལྷ་ས་ནས་ཡུལ་ཤུལ་བར་གྱི་གནམ་གྲུ་དེ་གཟའ་མིག་དམར་དང་། ཕུར་བུ། སྤེན་པ་བཅས་ལ་ཤར་གཏོང་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག