མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སློབ་གསོ་བྱ་བའི་ཆེད་དོན་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-26 11:01

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སློབ་གསོ་བྱ་བའི་ཆེད་དོན་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་ཚད་ལྡན་ཅན་དུ་བསྒྱུར་བ་དང་རིགས་མི་འདྲ་བའི་སློབ་གསོ་ལས་གཞིའི་འཛུགས་སྐྲུན། ཕྱོགས་ཡོངས་ནས་དབུལ་ཕོངས་ས་ཁུལ་གྱི་འོས་འགན་སློབ་གསོ་ཉམས་ཞན་ཡིན་པའི་སློབ་གྲྭའི་མ་མཐའི་སློབ་སྒྲུབ་ཆ་རྐྱེན་ལེགས་བསྒྱུར་བྱེད་པའི་ལས་གཞིའི་འཆར་གཞི་འགོད་པ། སློབ་གསོ་པུའུ་ལ་སྦྲེལ་མཐུད་སྙན་ཞུ་བྱེད་པའི་བྱ་བ་ལག་བསྟར་བྱེད་པ་དང་། སློབ་སྔོན་སློབ་གསོ་སྔར་ལས་འཕེལ་རྒྱས་སུ་གཏོང་བའི་འཆར་འགོད་ཇུས་གཞི་བཟོ་བ་སོགས་ཀྱི་བྱ་བའི་འཕེལ་རིམ་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་། གོ་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་མཱ་ཧྲུན་ཆིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་ནི་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་འཕེལ་རྒྱས་སུ་གཏོང་བའི་གོ་སྐབས་བཟང་བོ་ཡིན་པས། ང་ཚོས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་མཛུབ་སྟོན་དུ་བྱས་ནས། སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་དང་། སློབ་གསོའི་འདྲ་མཉམ་ལ་སྐུལ་འདེད་བྱེད་པ་དང་། ཕྱོགས་གཅིག་ནས་མ་མཐའི་སློབ་སྒྲུབ་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་། ཕྱོགས་གཅིག་ནས་དགེ་རྒན་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཧུར་ཐག་གིས་མི་དམངས་ཡིད་ཚིམ་པའི་སློབ་གསོ་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག