མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་ཏེ་འོས་འགན་སྡོང་འཛུགས་བྱ་འགུལ་སྤེལ་བ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-26 11:01

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས25ཉིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ས་ཁུལ་ནས་རྒྱལ་ཡོངས་ནས་མ་ཡུམ་ཆུ་བོར་སྲུང་སྐྱོབ་བྱེད་པའི་འགུལ་སྐྱོད་ཀྱི་བཅིངས་འགྲོལ་དམག་ན་གཞོན་ནགས་ཚལ་གྱི་ཟི་ལིང་ལས་གཞིའི་འོས་འགན་སྡོང་འཛུགས་བྱ་འགུལ་སྤེལ། བཅིངས་འགྲོལ་དམག་ཆབ་སྲིད་པུའུ་ན་གཞོན་ཅུའུ་དང་གུང་གཞོན་ཚོགས་པ་ཀྲུང་དབྱང་ཞིང་སྡེ་པུའུ། མཚོ་སྔོན་ཞིང་ཆེན་དམག་ཁུལ། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ནགས་ལས་ཐིན། ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན། ལན་ཀྲིག་དམག་ཁུལ་ཆབ་སྲིད་པུའུ་རྩ་འཛུགས་པུའུ་ན་གཞོན་ཁྲུའུ་སོགས་ལས་ཁུངས་ཀྱི་མགོ་ཁྲིད་དང་ཟི་ལིང་ས་ཁུལ་ནས་ཡོང་བའི་ན་གཞོན་ལོ་ཆུང་གི་འཐུས་མི་བཞི་བརྒྱ་ལྷག་བྱ་འགུལ་ལ་ཞུགས།

བྱ་འགུལ་ཁྲོད། ཟི་ལིང་གྲོང་ཁྱེར་གྱི་ན་གཞོན་ལོ་ཆུང་འཐུས་མིས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ན་གཞོན་ལོ་ཆུང་རྣམས་ལ་མཛེས་སྡུག་གི་གཙང་གསུམ་འབྱུང་ཡུལ་གྱི་ཆེད་དུ་མཉམ་དུ་འགུལ་སྐྱོད་བྱེད་ཅེས་པའི་གྲོས་གཞི་བཏོན་པ་དང་། བྱ་འགུལ་ལ་ཞུགས་པའི་མགོ་ཁྲིད་ཀྱིས་ན་གཞོན་ལོ་ཆུང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བླངས་པའི་ཞབས་ཞུ་རུ་ཁག་ལ་དར་ཆ་བྱིན་པ་དང་། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ས་ཁུལ་སྲིད་གཞུང་ལ་ལས་གཞི་འཛུགས་སྐྲུན་གྱི་མ་དངུལ་ཞལ་འདེབས་སུ་ཕུལ་བར་མ་ཟད། མ་ཡུམ་ཆུ་བོར་སྲུང་སྐྱོབ་བྱེད་པའི་འགུལ་སྐྱོད་ཀྱི་བཅིངས་འགྲོལ་དམག་ན་གཞོན་ནགས་ཚལ་གྱི་རྡོ་རིང་སྟེང་གི་ཡོལ་རས་བླངས། དེའི་རྗེས་སུ། ཚོགས་འདུར་ཞུགས་པའི་མགོ་ཁྲིད་དང་དམག་དཔུང་དང་སློབ་གྲྭ། ལས་ཁུངས། ཁེ་ལས་བཅས་ནས་ཡོང་བའི་ན་གཞོན་ལོ་ཆུང་གི་འཐུས་མི་རྣམས་འོས་འགན་སྡོང་འཛུགས་ལ་ཞུགས།

དེ་མ་ཟད། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ན་གཞོན་ལོ་ཆུང་རྣམས་ཁོར་ཡུག་སྲུང་སྐྱོབ་དང་སྡོང་འཛུགས་བྱ་འགུལ་ཁྲོད་ཞུགས་པར་སྣེ་ཁྲིད་དང་མིག་དཔེ་བྱེད་པ་དང་། མ་ཡུམ་ཆུ་བོར་སྲུང་སྐྱོབ་བྱེད་པའི་འགུལ་སྐྱོད་ཟབ་སྤེལ་བྱེད་ཆེད། ཉིན་དེར་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ལས་ཁུངས་དང་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་དོན་ལས་ཁུངས་སོ་སོའི་ལས་བྱེད་པ་ཚོ་ཧྲུའུ་ཅི་གཞུང་སྒྲུབ་ཁང་གི་མགོ་ཁྲིད་ཀྱི་སྣེ་ཁྲིད་འོག ཟི་ལིང་གྲོང་ཁྱེར་གྱི་བྱང་རིའི་སྟེང་སོང་ནས་དཔྱིད་དུས་ཀྱི་འོས་འགན་སྡོང་འཛུགས་ནགས་སྐྲུན་བྱ་འགུལ་སྤེལ།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག