མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་ད་ལོའི་དུས་ཚིགས་དང་པོའི་དངུལ་རྩའི་གནས་བབ་ཀྱི་དབྱེ་ཞིབ་གྲོས་ཚོགས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-25 11:09

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། མི་དམངས་དངུལ་ཁང་ཟི་ལིང་ལྟེ་གནས་ཡན་ལག་དངུལ་ཁང་དང་། མཚོ་སྔོན་ཞིང་ཆེན་དངུལ་རྩ་གཞུང་སྒྲུབ་ཁང་གཉིས་ཀྱིས་དུས་ཚིགས་དང་པོའི་དངུལ་རྩའི་གནས་བབ་དབྱེ་ཞིབ་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་འཁོར་རྒྱུག་བྱ་བའི་གནས་ཚུལ་གྱི་བརྡ་ཁྱབ་སྤེལ་བ་དང་། མིག་སྔའི་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་མ་ཟད། གོ་རིམ་རྗེས་མའི་བྱ་བའི་ཐད་ལ་བསམ་འཆར་བཏོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཞའོ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་ཐེངས་འདིའི་གྲོས་ཚོགས་ཀྱི་གནས་བབ་ལས་འགན་དམིགས་བསལ་ཡིན་པ་དང་དུས་ཚོད་གལ་ཆེན་ཡིན་པས། ཞིང་ཆེན་ཡོངས་ཀྱི་དངུལ་རྩ་སྡེ་ཁག་དང་ལས་ཁུངས་ཀྱིས་བྱ་བའི་བྱེད་ཐབས་སྔར་ལས་ཞིབ་ཕྲ་རུ་གཏོང་བ་དང་ལག་བསྟར་བཟང་བོ་བྱེད་པ་དང་། སྲིད་ཇུས་སྔར་ལས་དམ་འཛིན་བྱེད་པ། རང་སྟེང་གི་བཅོས་བསྒྱུར་སྔར་ལས་ཟབ་སྤེལ་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་བྱ་བའི་གྲོས་ཚོགས་སྟེང་གཏན་ཁེལ་བྱས་པའི་ལས་འགན་སྣ་ཚོགས་མགྱོགས་མྱུར་སྒོས་སྒྲུབ་དགོས་པའི་རེ་བ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག