མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱིས་གནས་གཏན་ཁེལ་བྱས་ཏེ་དབུལ་སྐྱོར་བྱེད་པའི་བྱ་བར་རྟོག་ཞིབ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-25 11:08

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཚའེ་ཏི་ཀོས་སོགས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱི་གནས་གཏན་ཁེལ་བྱས་ཏེ་དབུལ་སྐྱོར་བྱེད་པའི་སྡེ་བ་སྟེ་གུང་ཧོ་རྫོང་ཚ་རྔ་འགག་གྲོང་བརྡལ་ཏི་ཧྲིན་སྡེ་བ་རུ་སོང་ནས་དབུལ་སྐྱོར་བྱ་བ་སྤེལ།

ཏི་ཧྲིན་སྡེ་བ་རུ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱི་འགན་ཁུར་མི་སྣས་མཚོ་ལྷོ་ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཁུལ་གནས་སྤོར་ཡུལ་མི་བཀོད་སྒྲིག་ཅུའུ། ཞིང་ཕྱུགས་ཅུའུ། གུང་ཧོ་རྫོང་སྲིད་གཞུང་དང་ཚ་རྔ་འགག་གྲོང་རྡལ་བཅས་ཀྱི་འབྲེལ་ཡོད་བློ་མཐུན་དང་ཏི་ཧྲིན་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་ཡི་ཁོངས་མི་བཅས་དང་བཞུགས་མོལ་བརྗེ་རེས་བྱས་ནས། ཏི་ཧྲིན་སྡེ་བའི་གནས་སྤོར་མང་ཚོགས་ཀྱི་ཁང་རྙིང་དང་ཉེན་ཁང་བསྒྱུར་བཀོད་བཟོ་སྐྲུན་དང་སྡེ་བའི་ཁོར་ཡུག་ཇེ་ཡག་ཏུ་གཏོང་བ། ཡུལ་སྐོར་ཐོན་ཁུངས་གསར་སྤེལ་དང་ད་ལྟའི་འདེབས་འཛུགས་ལས་རིགས། གསོ་སྤེལ་ལས་རིགས་སོགས་ཀྱི་གནས་ཚུལ་དང་དེའི་ཐད་ཀྱི་དཀའ་ཁག་ལ་རྒྱུས་ལོན་གང་ལེགས་བྱས་པ་དང་། གནས་གཏན་ཁེལ་བྱས་ཏེ་དབུལ་སྐྱོར་བྱེད་པའི་བྱ་བ་སྔར་ལས་བཟང་བོར་བསྒྲུབ་པའི་ཐད་ནས་ས་དེའི་མང་ཚོགས་དང་བསམ་འཆར་བརྗེ་རེས་བྱས་པ་མ་ཟད། མཉམ་དུ་རོགས་སྐྱོར་ལམ་ཕྱོགས་ལ་ཞིབ་འཇུག་བྱས་ཏེ་གོ་རིམ་རྗེས་མའི་བྱ་བའི་ལས་འགན་དང་བྱེད་ཐབས་གཏན་ཁེལ་བྱས། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་ཀྱིས་ད་དུང་ཡུལ་དངོས་ནས་ཏི་ཧྲིན་སྡེ་བའི་བྱིས་གཉོར་ཁང་འཛུགས་ས་དང་གཞུང་ལམ་སྟེང་དུ་ཨར་འདམ་འདིང་བའི་བཟོ་སྐྲུན་འཛུགས་སྐྲུན་གྱི་གནས་ཚུལ་ལ་རྟོག་ཞིབ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག