མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲང་ཅེན་མིན་གྱིས་མཚོ་སྐོར་ལྕགས་རྟ་འགྲན་སྡུར་སྐབས་བཅུ་གསུམ་པའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་དང་པོའི་སྟེང་ཧུར་ཐག་སྒོས་ཐེངས་འདིའི་ལྕགས་རྟ་འགྲན་སྡུར་ལེགས་པོ་སྒྲུབ་དགོས་པ་ནན་གྱིས་བསྟན་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-25 10:50

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས24ཉིན་མཚོ་སྐོར་ལྕགས་རྟ་འགྲན་སྡུར་སྐབས་བཅུ་གསུམ་པའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་དང་པོ་བསྡུས་ཏེ་འགྲན་སྡུར་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། འགྲན་སྡུར་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཧྲིན་ཀྲང་གཞོན་པ་ཀྲང་ཅེན་མིན་ཚོགས་ཐོག་ཏུ་ཞུགས་པ་མ་ཟད་གཏམ་བཤད་བྱས།

ཀྲང་ཅེན་མིན་གྱིས་ལོ་ངོ13རིང་ལ་མཚོ་སྐོར་ལྕགས་རྟ་འགྲན་སྡུར་སྤེལ་ནས་གྲུབ་འབྲས་མངོན་གསལ་ཐོབ་ཡོད་པ་དང་། ཐོབ་པའི་གྲུབ་འབྲས་ལ་གཙིགས་འཛིན་བྱས་ནས་སྔར་ལས་འབད་འཐབ་དང་སྟོབས་ཤུགས་ཡོད་རྒུས་མཚོ་བསྐོར་ལྕགས་རྟ་འགྲན་སྡུར་སྐབས་བཅུ་གསུམ་པ་བཟང་བོར་སྤེལ་ཏེ། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་གཏོང་མི་རུང་བར་བསྟན།

ཀྲང་ཅེན་མིན་གྱིས་ནན་གྱིས་བསྟན་དོན། སྐབས་འདིའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་དེ་སྐབས་སྔོན་མའི་འགྲན་སྡུར་ལས་ལམ་ཐག་རིང་ཞིང་། འགྲན་སྡུར་དུ་ཞུགས་པའི་མི་སྣ་མང་བ། འགྲན་སྡུར་ལས་དོན་གྱི་རྩ་འཛུགས་དང་བདེ་འཇགས་སྲུང་སྐྱོབ་དང་གཞུག་ཕྱོགས་ཀྱི་འགན་སྲུང་བྱ་བ་སོགས་ཐད་ལ་རེ་བ་སྔར་ལས་མཐོ་བས། སེམས་ཞིབ་མོས་འགྲན་སྡུར་བྱ་བའི་ལས་བགོ་བཟང་བོར་བྱེད་དགོས། གཅིག་ནས་རྩ་འཛུགས་དོ་དམ་བྱ་བར་བཟང་བོར་སྒྲུབ་དགོས་པ་དང་། ཇུས་གཞི་བཀོད་དེ་བྱ་བའི་ལས་བགོ་གསལ་བོར་བྱས་ནས། འགན་ཁུར་དངོས་འབེབས་བྱེད་དགོས། གཉིས་ནས་བྱ་བའི་འབྲེལ་མཐུད་བྱ་བར་ཤུགས་སྣོན་དགོས་པ་དང་། ཕན་ཚུན་བར་རྒྱུས་ལོན་བྱེད་པའི་རྣམ་པ་ཞིག་ཆགས་པར་བྱས་ནས། ཕན་ཚུན་བར་རྒྱབ་སྐྱོར་དང་། ཕན་ཚུན་བར་ཁ་གསབ་རྒྱག་པའི་བྱ་བའི་རྣམ་པ་ཆགས་པར་བྱེད་དགོས། གསུམ་ནས་ནན་ཏན་སྒོས་འགྲན་སྡུར་རྩ་འཛུགས་བྱ་བ་བཟང་བོར་སྒྲུབ་དགོས་པ་དང་། འགྲན་སྡུར་དྲང་བདེན་དང་། དྲང་བཞག བདེ་འཇགས་བཅས་ཡིན་པར་ཁག་ཐེག་བྱེད་དགོས། བཞི་ནས་དྲིལ་སྒྲོག་བྱ་བར་འཆར་གཞི་འཐེན་དགོས་པ་དང་། དྲིལ་སྒྲོག་གི་རྣམ་པ་གསར་སྐྲུན་བྱས་ནས། རྒྱུན་ཆད་མེད་པར་འགྲན་སྡུར་གྱི་ཤན་ཤུགས་ཇེ་ཆེར་གཏོང་དགོས། ལྔ་ནས་གཞུག་ཕྱོགས་ཀྱི་འགན་སྲུང་བྱ་བར་ཁག་ཐེག་བྱེད་དགོས་པ་དང་། རྒྱལ་སྤྱིའི་ཚད་གཞི་དང་སྒྲིག་ལམ་ལྟར། འགྲན་སྡུར་བྱ་བའི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་དགོས། དྲུག་ནས་སེམས་ཞིབ་མོས་འགྲན་སྡུར་སྤེལ་མགོ་རྩོམ་པའི་མཛད་སྒོ་བཟང་བོར་བསྡུས་ཏེ། གསར་སྐྲུན་དང་གྲུབ་འབྲས་ལྡན་པའི་སྒོ་ནས་སྤེལ་དགོས་ཟེར།

ཀྲང་ཅེན་མིན་གྱིས་བསམ་བློ་སྔར་ལས་གཅིག་གྱུར་དང་ངོས་ཟིན་ཇེ་མཐོར་གཏོང་དགོས་པ་དང་། ཉམས་མྱོང་སྤྱི་བསྡོམས་བྱེད་པ། གྲུབ་འབྲས་དར་སྤེལ་བྱས་ནས། འགྲན་སྡུར་གྱི་རྩ་འཛུགས་དང་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས་པ་དང་། སྟོབས་ཤུགས་ཡོད་རྒུས་འགན་ཁུར་དང་རེ་བ་སྣ་ཚོགས་དངོས་འབེབས་བཟང་བོ་བྱས་ནས། འགན་ཁུར་འདུ་ཤེས་དང་། བདེ་འཇགས་འདུ་ཤེས། གྲོན་ཆུང་འདུ་ཤེས། གསར་སྐྲུན་འདུ་ཤེས་སོགས་ཇེ་དྲག་ཏུ་བཏང་ནས། ཧུར་ཐག་སྒོས་མཚོ་སྐོར་ལྕགས་རྟ་འགྲན་སྡུར་བདེ་བླག་ངང་སྤེལ་དགོས་པའི་རེ་བ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག