མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་བོད་སྐད་གནམ་གཤིས་སྔོན་བརྡའི་འཕྲིན་ཕྲན་སྟེགས་བུ་ཐོག་མ་གསར་སྐྲུན་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-25 10:49

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྔར་ལས་ལྷག་པར་མཚོ་སྔོན་ཞིང་ཆེན་གྱི་གནམ་གཤིས་སྔོན་བརྡའི་ནུས་ཤུགས་མཐོར་འདེགས་སུ་བཏང་སྟེ། བོད་རིགས་ས་ཁུལ་དུ་གནམ་གཤིས་བརྡ་འཕྲིན་ཞབས་ཞུ་སྒྲུབ་པའི་བགྲོད་ལམ་ཇེ་ཡངས་སུ་གཏོང་ཆེད།  ཉེ་ལམ།  མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་ཡིས་རྒྱལ་ཡོངས་ཀྱི་བོད་སྐད་གནམ་གཤིས་བརྟག་དཔྱད་ཞབས་ཞུའི་འཕྲིན་ཕྲན་སྟེགས་བུ་ཐོག་མ་གསར་སྐྲུན་བྱས།

 བོད་སྐད་ཀྱི་གནམ་གཤིས་བརྟག་དཔྱད་འཕྲིན་ཕྲན་ཞབས་ཞུའི་ནང་དོན་ཐད་མ་འོངས་བའི་ཉིན་གསུམ་རིང་གི་ཞིང་ཆེན་ཡོངས་ཀྱི་གནམ་གཤིས་གནས་ཚུལ་དང་།  རྩྭ་ཐང་དང་ནགས་ཚུལ་གྱི་མེ་སྐྱོན་ཉེན་ཁ་སོགས་སྔོན་བརྡ་གཏོང་བ།  ཆེད་ལས་མཁས་པས་གནམ་གཤིས་ཚན་རིག་འགྲེལ་བཤད་བྱེད་པ་དང་གནོད་འཚེ་སྔོན་འགོག་བྱེད་པ་བཅས་འདུས་ལ། ཟླ4བའི་ཚེས24ཉིན་བར།  འཕྲིན་ཕྲན་སྟེགས་བུ་སྟེང་མི1731ཞུགས་ཡོད་པ་དང་ཞུགས་ཚད་ཉིན་རེར་ཡར་འཕར་བཞིན་ཡོད་པ་རེད། འཕྲིན་ཕྲན་སྟེགས་བུ་འཛུགས་སྐྲུན་བྱས་པ་བརྒྱུད།  གནམ་གཤིས་གནས་ཚུལ་འཕྲིན་ཕྲན་སྤྱོད་མཁན་གྱི་མིག་ལམ་དུ་བསྐྱལ་བ་མ་ཟད། དུས་ཐོག་ཏུ་གནམ་གཤིས་ཆེད་མཁས་རྣམས་དང་བསམ་བློ་བརྗེ་རེས་བྱེད་ཐུབ་པས།  འཕྲིན་ཕྲན་སྟེགས་བུ་བཙུགས་ནས་ཟླ་གཅིག་ཙམ་མ་འགོར་བར་སྤྱོད་མཁན་དག་གི་དགའ་བསུ་ཆེན་པོ་ཐོབ།  མིག་སྔར།  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་སྲིད་གཞུང་བཅས་ཀྱིས་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་དང་འབྲེལ་གཏུགས་བྱས་ཏེ།  མི་འགྱངས་བར་གནམ་གཤིས་སྔོན་བརྡ་ཐད་ཀྱི་ཞབས་ཞུ་གསར་བ་འདི་ས་ཁུལ་འདི་དག་ནས་བཀོལ་སྤྱོད་བྱེད་རྒྱུ་རེད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག