མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

པའོ་དབྱི་ཀྲི་ཡིས་ཞིང་ཆེན་རིམ་པའི་སྨན་བཅོས་ལས་ཁུངས་ཀྱི་བྱ་བར་རྟོག་ཞིབ་བྱས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-24 10:38

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཟླ་དཀྱིལ་ནས་ཟླ4བའི་ཟླ་སྟོད་བར་དུ་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པའོ་དབྱི་ཀྲི་ཡིས་ཞིང་ཆེན་སྲིད་གྲོས་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཁ་ཤས་དང་མནའ་མཐུན་གྱི་ཁོངས་མི་ཁ་ཤས་ཁྲིད་དེ། སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དང་། མཚོ་སྔོན་སློབ་གྲྭ་ཆེན་མོའི་གསོ་རིག་སློབ་གླིང་ཟུར་གཏོགས་སྨན་ཁང་སོགས་ཞིང་ཆེན་རིམ་པའི་སྨན་བཅོས་ལས་ཁུངས་དང་ཞིང་ཆེན་རིམ་པའི་སྨན་བཅོས་འགན་སྲུང་དོ་དམ་སྡེ་ཁག་བཅུ་དྲུག་ཏུ་སོང་ནས། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གནས་ཚུལ་ལ་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་གིས་སྔ་གཞུག་ཏུ་ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་རིམ་པའི་སྨན་བཅོས་ལས་ཁུངས་ཀྱིས་འབྲེལ་ཡོད་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན་པ་མ་ཟད། རྟོག་ཞིབ་ཚན་ཆུང་རྩ་འཛུགས་བྱས་ནས། མཚོ་སྔོན་གྱི་གཞུང་བཙུགས་སྨན་ཁང་གི་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་བྱ་བ་ཇི་ལྟར་སྤེལ་བ་དང་། གཞུང་བཙུགས་སྨན་ཁང་གི་ཁ་གསབ་ནང་རྐྱེན་འཛུགས་པའི་བྱ་བ་ལག་བསྟར་བྱེད་པ། གཞུང་བཙུགས་སྨན་ཁང་ནང་ཁུལ་གྱི་དོ་དམ་བྱ་བ་ཇེ་དྲག་ཏུ་གཏོང་བ་དང་། གཞུང་བཙུགས་སྨན་ཁང་གི་ཞབས་ཞུའི་མ་ལག་འཛུགས་པ། འཕྲོད་བསྟེན་འཕྲལ་སྒྲུབ་ནུས་པ་འཛུགས་པ། སྨན་པ་དང་ནད་པའི་བར་གྱི་འབྲེལ་བ་འཆམ་མཐུན་ཡོང་བ་སོགས་ལ་དམ་པོར་དམིགས་ནས་སྨན་བཅོས་ལྟེ་གནས་ཀྱི་བྱ་བ་དང་སྨན་ཁང་གི་དོ་དམ་མི་སྣ་དང་སྨན་བཅོས་བྱ་བ་སྒྲུབ་མཁན་རྣམས་ལ་བཞུགས་མོལ་བྱས།

པའོ་དབྱི་ཀྲི་ཡིས་མཚོ་སྔོན་གྱི་གཞུང་བཙུགས་སྨན་ཁང་གི་བཅོས་སྒྱུར་བྱ་བར་རེ་བ་གསུམ་བཏོན། གཅིག་ནས་རྟོག་དཔྱོད་ཞིབ་འཇུག་བྱ་བར་ཤུགས་སྣོན་པ་དང་། ནན་ཏན་སྒོས་ཆོས་ཉིད་འཚོལ་ཞིབ་བྱས་ཏེ། རྒྱུན་ཆད་མེད་པར་སྨན་ཁང་གི་སྤྱི་ཕན་རང་བཞིན་མཚོན་དགོས། གཉིས་ནས་གཞུང་བཙུགས་སྨན་ཁང་འཕེལ་རྒྱས་སུ་གཏོང་བར་བར་ཆད་ཐེབས་པའི་དཀའ་གནད་ལ་དོ་སྣང་བྱས་ནས། ནོར་སྲིད་ཀྱི་མ་དངུལ་གཏོང་ཤུགས་ཇེ་མང་དུ་གཏོང་དགོས་པ་དང་། འོས་མཐུན་སྒོས་སྨན་ཁང་གི་སྒྲིག་ལུགས་གཏན་འབེབས་བྱེད་པ་དང་། སྨན་པ་དང་ནད་པའི་བར་གྱི་འབྲེལ་བ་འཆམ་མཐུན་ཡོང་བར་བྱས་ནས། སྨན་པའི་ངལ་རྩོལ་རིན་ཐང་མཐུན་པོ་ཡོང་བའི་ནང་རྐྱེན་འཛུགས་དགོས། གསུམ་ནས་ཞིང་ཆེན་གཞན་པའི་སྨན་བཅོས་བྱ་བའི་ཐད་ཀྱི་ཉམས་མྱོང་བཟང་བོར་སློབ་སྦྱོང་བྱས་ནས། མཚོ་སྔོན་གྱི་སྨན་བཅོས་བྱ་བ་ཕན་འབྲས་ལྡན་པའི་སྒོ་ནས་སྤེལ་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག