མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཡན་ཅིན་ཧེ་ཡིས་དུས་སྐབས་དང་པོའི་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་འཛུགས་སྐྲུན་བཟོ་སྐྲུན་ལ་ཞིབ་བཤེར་བྱས་པ།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-24 10:38

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས15ཉིན་ནས་ཚེས18ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལཤུལ་གྲོང་ཁྱེར་དང་ནང་ཆེན་རྫོང་། ཁྲི་འདུ་རྫོང་བཅས་སུ་སོང་སྟེ་སྐྱེ་ཁམས་གནས་སྤར་སྡོད་ཁུལ་གྱི་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་། ཡུལ་དངོས་སུ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་དུས་སྐབས་དང་པོའི་བཟོ་སྐྲུན་ལག་བསྟར་དང་ཚད་འཇལ་བྱས་པའི་གནས་ཚུལ་ལ་ལྟ་སྐབས་ནན་གྱིས་བསྟན་དོན། ནན་ཏན་སྒོས་དུས་སྐབས་དང་པོའི་ཉམས་མྱོང་སྤྱི་བསྡོམས་བྱས་ནས་མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་ལེགས་པོ་བྱེད་པ་དང་། རང་བྱུང་ཆོས་ཉིད་དང་བསྟུན་པ། ཚན་རིག་ལྟར་ལག་བསྟར་བྱེད་པ་བཅས་བྱས་ནས་དུས་སྐབས་གཉིས་པའི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་བཟང་བོ་བྱེད་དགོས་ཟེར།

ཡན་ཅིན་ཧེ་ཡིས་ནན་ཏན་སྒོས་ཁུལ་དང་རྫོང་། ཞང་། སྡེ་བ་བཅས་ཀྱི་ལས་བྱེད་པའི་ཡར་ཞུར་ཉན་རྗེས་བསྟན་དོན། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་དུས་སྐབས་དང་པོའི་བཟོ་སྐྲུན་ཁྲོད་ཀྱི་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོ་བསྡུ་ལེན་བྱས་ནས་ད་ལྟའི་བྱ་བའི་ཁྲོད་དུ་གནས་པའི་གནད་དོན་ཐག་གཅོད་བྱས་ཏེ་གཙང་གསུམ་འབྱུང་ཡུལ་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་ལག་བསྟར་བཟང་བོ་བྱེད་དགོས་ཟེར།

ཡན་ཅིན་ཧེ་ཡིས་ནན་གྱིས་བསྟན་དོན། མི་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་དམངས་འཚོ་ལེགས་བཅོས་བྱེད་པར་དོ་སྣང་བྱེད་དགོས། ས་གནས་ཀྱི་སྒྲིག་ལུགས་རྒྱུན་འཁྱོངས་བྱས་ཏེ་བྱ་བ་དོན་དངོས་ནས་མགོ་རྩོམ་དགོས། རང་བྱུང་སླར་གསོ་བྱེད་པ་གཙོ་བོར་བཟུང་ནས་བཟོ་སྐྲུན་ལག་བསྟར་བྱེད་པའི་བྱེད་ཐབས་ལ་ཟུར་ཁྲིད་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག