མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དཔལ་ཡོན་བྱ་བའི་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་པ་དང་ཅི་ཏིས་མ་ཅས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-24 10:35

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས23ཉིན་མཚོ་སྔོན་ཞིང་ཆེན་དཔལ་ཡོན་བྱ་བའི་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་། ཞིང་ཆེན་དཔལ་ཡོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཅི་ཏིས་མ་ཅས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ། ཞིང་ཆེན་དཔལ་ཡོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཅན་མེན་གྲོས་ཚོགས་སུ་ཞུགས།

ཅི་ཏིས་མ་ཅ་ཡིས་ན་ནིང་གི་ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བར་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ད་ལོའི་བྱ་བ་བཟང་བོར་སྒྲུབ་དགོས་ན། དཔལ་ཡོན་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་བྱ་བར་ཡར་སྐུལ་བྱེད་དགོས་པ་དང་། བསམ་བློའི་སྙིང་སྟོབས་གཅིག་ཏུ་སྒྲིལ་བ། དཔལ་ཡོན་ལྡན་པའི་སྲོལ་བཟང་ཆགས་པར་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང“ཀྲུང་གོའི་ཕུགས་འདུན”སློབ་སྦྱོང་སློབ་གསོའི་བྱ་བ་རྒྱ་ཆེན་པོར་སྤེལ་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བྱེད་པ། མང་ཚོགས་རང་བཞིན་གྱི་བསམ་པའི་ཤེས་རིག་སྤེལ་བའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་། ན་གཞོན་ལོ་ཆུང་གི་བསམ་པའི་ཀུན་སྤྱོད་སློབ་གསོ་ནན་ཏན་སྒོས་སྤེལ་བ། ཤུགས་ཆེན་པོས་སྤྱི་དམངས་ཀྱི་དཔལ་ཡོན་བྱང་ཚད་དང་སྤྱི་ཚོགས་དཔལ་ཡོན་ཆུ་ཚད་ཇེ་མཐོར་བཏང་ནས། ཁུལ་གསུམ་གསར་སྐྲུན་དང་། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྟོབས་དང་ལྡན་པའི་བསམ་པའི་ཁག་ཐེག་དང་བསམ་བློའི་སྒུལ་ཤུགས་འདོན་སྤྲོད་བྱེད་དགོས་ཟེར།

ཅི་ཏིས་མ་ཅ་ཡིས་ནན་གྱིས་བསྟན་དོན། བརྗོད་བྱ་ཁོང་དུ་ཆུད་པར་བྱེད་པ་དང་། ཆེ་ཕྱོགས་ལ་དམིགས་ནས། ཤུགས་ཆེན་པོས་བསམ་པའི་འདུ་ཤེས་སློབ་གསོ་བྱ་བར་ཤུགས་སྣོན་དགོས་པ་དང་། ནན་ཏན་སྒོས་བཀོད་སྒྲིག་དང་སེམས་ཞིབ་མོས་རྩ་འཛུགས་བྱེད་པ་དང་། ཤུགས་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བྱེད་དགོས། ནང་དོན་གསར་གཏོད་བྱེད་པ་དང་། རྣམ་པ་གསར་སྐྲུན་བྱས་ནས། ཤུགས་ཆེན་པོས་དཔལ་ཡོན་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་བྱ་བ་སྤེལ་དགོས། མགོ་ཁྲིད་ལ་ཤུགས་བསྣན་ནས། ཆུ་ཚད་ཇེ་མཐོར་གཏོང་དགོས། རྒྱུན་ཆད་མེད་པར་བསམ་པའི་དཔལ་ཡོན་སྤེལ་བའི་བྱ་བའི་དོན་དངོས་ཕན་འབྲས་ཇེ་མཐོར་གཏོང་དགོས་ཟེར།

གྲོས་ཚོགས་ནས«མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར»ལ་གྲོས་ཞིབ་བྱས་པ་དང་། ཞིང་ཆེན་འགྲིམ་འགྲུལ་ཐིན་དང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་དཔལ་ཡོན་སྤེལ་བའི་བྱ་བའི་ཡར་ཞུར་ཉན་ཏེ། ན་ནིང་གི་བསམ་པའི་དཔལ་ཡོན་སྤེལ་བའི་དོན་དངོས་ལས་གཞི་ཡོངས་འགྲུབ་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། ད་ལོའི་དོན་དངོས་ལས་གཞི་གཏན་ལ་ཕབ་པ་དང་། ཉིས་སྟོང་བཅུ་བཞི་ལོའི་མཚོ་སྔོན་ཞིང་ཆེན་བསམ་པའི་དཔལ་ཡོན་སྤེལ་བའི་བྱ་བ་གཙོ་བོར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག