མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་དོན་དངོས་ལས་གཞི10གཏན་འཁེལ་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-04-24 10:34

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་བསམ་པའི་དཔལ་ཡོན་འཛུགས་སྐྲུན་མཛུབ་ཁྲིད་ཨུ་ཡོན་ལྷན་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་སྟེང་། 2014ལོའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་དོན་དངོས་ལས་གཞི10ཁྱབ་བསྒྲགས་བྱས་པ་མ་ཟད། ན་ནིང་གི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་དོན་དངོས་ལས་གཞི་ལེགས་འགྲུབ་བྱས་པའི་གནས་སྐོར་སྐོར་ནས་སྙན་ཞུ་བྱས།

ལོ་གཅིག་རིང་འབད་བརྩོན་བྱས་པ་བརྒྱུད། ན་ནིང་གི་དོན་དངོས་ལས་གཞི10བདེ་བླག་ངང་ལེགས་འགྲུབ་བྱས་ཡོད། ད་ལོའི་དོན་དངོས་ལས་གཞི་དག་ལོ་མགོ་ནས་བཟུང་སྙན་ཞུ་དང་དཔྱད་འདེམས་བྱས་ཏེ་མཇུག་མཐར་དོན་དངོས་ལས་གཞི10གཏན་འཁེལ་བྱས་ཡོད། ལས་གཞི་དེ་དག་ནི་མ་དངུལ་སྒོར་ཁྲི2000ཡི་སྡེ་བ400ནས་རིག་གནས་སྡེ་བའི་ཁྱིམ་ཚང་དུ་བསྐྱོད་པའི་བཟོ་འགོད་དང་། མ་དངུལ་སྒོར་ཁྲི300བཏང་ནས་སྔ་རྗེས་སུ་རྨ་ཆུའི་འབྱུང་ཡུལ་ས་ཁུལ་དུ་སྐོར་བགོས་ནས་རྨ་ཆུའི་ཉ་ཁྲི110ཆུ་ནང་དུ་གཏོང་བ། འཆར་བཀོད་མ་དངུལ་སྒོར་དུང་ཕྱུར1ཡན་བཏང་ནས་བྱིས་གཉོར་ཁང58དང་བྱིས་གཉོར་ཁང་གི་མལ་ཁང་མུས་གྲུ་བཞི་མ་ཁྲི4.5གསར་འཛུགས་བྱེད་པ། འཆར་འགོད་མ་དངུལ་སྒོར་ཁྲི3000བརྩོན་ལེན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་སྡེ་བ600ལ་ལུས་རྩལ་བདེ་སྲུང་ཡོ་ཆས་ཆ་སྡེབ་བྱེད་པ། ཤང་གྲོང་གི་དབུལ་ཕོངས་དབང་བོ་སྐྱོན་ཅན་ཁྱིམ་ཚང400ལ་ཁྱིམ་ཚང་བསྒྱུར་བཅོས་ལག་བསྟར་བྱས་ཏེ་ཆ་སྙོམས་ཀྱིས་ཁྱིམ་ཚང་རེར་སྒོར6000ཁ་གསབ་བྱེད་པ། འཆར་བཀོད་མ་དངུལ་སྒོར་ཁྲི200བཏང་ནས་ཤང་སྡེའི་སློབ་གྲྭའི་ན་གཞོན་གླིང20འཛུགས་སྐྲུན་བྱེད་པ། ལས་བཟོ་བའི་དཔེ་ཁང་དཔེ་སྟོན་ས་ཚིགས70བཙུགས་ནས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ལས་བཟོ་བའི་ལྷན་ཚོགས་ལ་སྐུལ་ཁྲིད་བྱས་ཏེ་ལས་བཟོ་བའི་དཔེ་ཁང་རང་གཉེར་ས་ཚིགས70ཡན་འཛུགས་སྐྲུན་བྱེད་པ། འཆར་འགོད་མ་དངུལ་སྒོར་ཁྲི3000ལྷག་བཏང་ནས་བཟོ་བའི་རིག་གནས་གླིང11འཛུགས་སྐྲུན་བྱེད་པ། རོང་འབྲོག་ཁུལ་གྱི་དྲ་བའི་རྨང་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་བོད་ཁུལ་དང་འབྲོག་ཁུལ་གྱི་ཆ་འཕྲིན་ཅན་གྱི་ཞབས་ཞུ་ནུས་པ་ཇེ་མཐོར་གཏོང་བ་དང་། འཆར་གཞི་ལྟར་ན་སྡེ་བ10ལ་ཐགས་ཡངས་དྲ་བ་འཐེན་པའི་ལས་འགན་ལེགས་འགྲུབ་བྱེད་པ་སོགས་ཡིན།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག