མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ན་གོར་མོས་བཅུ་ཆའི་བདུན་གྱི་འགྲོ་སོང་དམངས་འཚོའི་ཐད་བཀོལ་ཡོད་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-04-24 10:34

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དུས་ཚིགས་དང་པོའི་ནང་། མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་གྱི་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་དང་ལུགས། འགན་སྲུང་རང་བཞིན་གྱི་སྡོད་ཁང་། རིག་གནས་འཕེལ་རྒྱས་སོགས་དམངས་འཚོའི་ཁྱབ་ཁོངས་ཀྱི་འགྲོ་སོང་སྒོར་ཁྲི42371ལ་སླེབས་ཤིང་། དེས་གྲོང་ཁྱེར་ཡོངས་ཀྱི་སྤྱི་བའི་ནོར་སྲིད་སྔོན་རྩིས་འགྲོ་གྲོན་གྱི75.3%ཟིན་ཡོད།

ད་ལོའི་ཚུན་ནས་བཟུང་། དཔལ་འབྱོར་འཕར་ཚད་མར་འགྲིལ་བའི་གནོན་ཤུགས་ཇེ་ཆེར་སོང་བ་དང་ནོར་སྲིད་གཏོང་ཡོང་འགལ་ཟླ་འབུར་ཐོན་ཡིན་པའི་གནས་ཚུལ་འོག ན་གོར་མོ་གྲོང་ཁྱེར་ནོར་སྲིད་སྡེ་ཁག་གིས་ནན་ཏན་གྱིས་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གིས་བཀོད་སྒྲིག་བྱས་པའི་དམངས་ཕན་བྱེད་ཐབས་སྣ་ཚོགས་ལ་གཞིགས་ཏེ། དམངས་འཚོར་མ་དངུལ་གཏོང་ཤུགས་དངོས་གནས་ཇེ་ཆེར་བཏང་ཞིང་། ཀྲུང་དབྱང་དང་ཞིང་ཆེན། ཁུལ། གྲོང་ཁྱེར་བཅས་ཀྱི“གྲོན་ཆུང་ལ་གཟབ་ནན་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི”གཏན་འཁེལ་སྣ་ཚོགས་ལག་ལེན་མཐར་ཕྱིན་བྱས་ནས། ཤུགས་ཆེན་པོས་ནོར་སྲིད་འགྲོ་གྲོན་སྒྲིག་གཞི་ལེགས་བཅོས་བྱས་ཏེ། གསར་སྣོན་བྱུང་བའི་ནོར་ཤུགས་དང་གྲོན་ཆུང་བྱས་པའི་མ་དངུལ་དག་དམངས་འཚོའི་ཁྱབ་ཁོངས་སུ་བཀོལ་ནས་མུ་མཐུད་དུ་དམངས་འཚོའི་ཁྱབ་ཁོངས་དང་ནུས་ཤུགས་ཞན་སར་རོགས་སྐྱོར་བྱེད་ཤུགས་མུ་མཐུད་དུ་ཇེ་ཆེར་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག