མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྒྲོལ་མ་སྐྱབས་ཀྱི་བོད་ཀྱི་བརྩེགས་དྲུབ་ཀྱི་ཕ་ས།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-23 11:09

སྒྲོལ་མ་སྐྱབས་ཀྱིས་ཞིབ་ཕྲའི་ངང་ལེགས་འགྲུབ་བྱུང་བའི་བརྩེགས་དྲུབ་བརྩམས་ཆོས་ལ་ལྟ་བཞིན་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ45ལ་སོན་པའི་སྒྲོལ་མ་སྐྱབས་ནི་མཚོ་སྔོན་ཞིང་ཆེན་གྱི་རྨ་ཆུའི་འགྲམ་རྒྱུད་ཀྱི་བོད་རིགས་ཤང་སྡེ་ཞིག་ཏུ་སྐྱེས་ལ། 2008ལོར་བོད་ལྗོངས་ནས་ས་གདན་ཚོང་ལས་གཉེར་བའི་ཁོ་རང་ཕྱིར་ཕ་ཡུལ་དུ་ལོག་སྟེ། མཚོ་སྔོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བརྩེགས་དྲུབ་བཟོ་རྩལ་དེ་ཚོང་གཉེར་བྱ་རྒྱུའི་སེམས་ཐག་བཅད། སྐབས་དེར། ས་གནས་སྲིད་གཞུང་གིས་བོད་ཀྱི་བརྩེགས་དྲུབ་སྒྱུ་རྩལ་མྱུར་སྐྱོབ་དང་སྔོག་འདོན། དག་སྒྲིག་བྱེད་བཞིན་པའི་སྒང་ཡིན་ལ། ཆེད་དམིགས་ཀྱི་བོད་ཀྱི་བརྩེགས་དྲུབ་རིག་གནས་ལྟེ་གནས་བཙུགས་པ་མ་ཟད། ས་གནས་ཁེ་ལས་ལ་འཕེལ་རྒྱས་ཀྱི་ཐབས་ཇུས་ཇུས་འགོད་བྱས།

    ས་གནས་འབྲེལ་ཡོད་སྡེ་ཁག་གི་རོགས་སྐྱོར་འོག སྒྲོལ་མ་སྐྱབས་ཀྱི་ཀུང་ཟི་རིམ་བཞིན་འཕེལ་རྒྱས་སུ་ཕྱིན་ཏེ། ད་ལྟ་ཁོའི་ཀུང་ཟིས་ཐོན་སྐྱེད་བྱས་པའི་བོད་ཀྱི་བརྩེགས་དྲུབ་དང་བོད་རིགས་དམངས་ཁྲོད་ལག་བཟོས་བཟོ་རྩལ་ཐོན་རྫས་དག་ཨ་རི་དང་འཇར་པན། ཧྥ་རན་སི་སོགས་རྒྱལ་ཁབ་དང་ས་ཁུལ་ཏུ་ཕྱིར་འཚོང་བྱེད་བཞིན་པ་མ་ཟད། ཀོས་ནན་དང་ཁྲི་ཀ། གུང་ཧི་བཅས་རྫོང་གསུམ་དུ་བོད་ཀྱི་བརྩེགས་དྲུབ་ཐོན་སྐྱེད་རྟེན་གཞི་བཙུགས་ཡོད་པ་དང་། ཐོན་སྐྱེད་ལས་སྣོན་ས་ཚིགས་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཤང་གྲོང16ལ་ཁྱབ་ཤིང་། ལས་ཞུགས་ཁྱབ་རྒྱ་དེ་ཁུལ་ཡོངས་ཀྱི་རྫོང5དང་སྡེ་བ40ལ་ཁྱབ་ཡོད། བོད་ཀྱི་བརྩེགས་དྲུབ་གཉེར་བའི་རོང་འབྲོག་པའི་མི་གྲངས1200ལ་སླེབས་ཡོད་པས་བོད་ཀྱི་བརྩེགས་དྲུབ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རོང་འབྲོག་པ་དབུལ་ཐར་ཕྱུག་བསྒྱུར་གྱི་ཐོན་ལས་གཙོ་བོ་ཞིག་ཏུ་གྱུར་ཡོད།

    2011ལོའི་ལོ་མཇུག་ཏུ། མ་དངུལ་སྒོར་ཁྲི650བཏང་ནས་བི་ཤྭ་ཀརྨ་བོད་ཀྱི་བརྩེགས་དྲུབ་སྒྱུ་རྩལ་གླིང་དེ་རྨ་ཆུའི་འགྲམ་ངོགས་ཀྱི་ཁྲི་ཀ་རྫོང་ནས་འཛུགས་སྐྲུན་བྱེད་མགོ་བརྩམས། སྒྲོལ་མ་སྐྱབས་ཀྱིས་བཤད་རྒྱུར། འདི་ནི་མཚོ་སྔོན་བོད་རིགས་དམངས་ཁྲོད་ལག་བཟོས་བཟོ་རྩལ་ཐོན་རྫས་ལ་དཔྱིད་ཀྱི་དཔལ་ཡོན་ཤར་བ་ལྟ་བུ་ཡིན་ཟེར།

སྒྲོལ་མ་སྐྱབས་ཀྱིས་བཟོ་རྩལ་པ་རྣམས་དང་བརྩེགས་དྲུབ་བྱེད་ཐབས་ལ་གྲོས་ཞིབ་བྱེད་པ།

བཟོ་རྩལ་པས་བརྩེགས་དྲུབ་བརྩེགས་བཞིན་པ།

སྒྲོལ་མ་སྐྱབས་ཀྱིས་བཟོ་རྩལ་པ་རྣམས་དང་བརྩེགས་དྲུབ་བྱེད་ཐབས་ལ་གྲོས་ཞིབ་བྱེད་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག