མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ལྕགས་ལམ་སྲུང་སྐྱོབ་ཀྱི་མཉམ་འབྲེལ་འགོག་སྲུང་བྱ་བའི་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-23 11:07

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་ཉེར་གཅིག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ལྕགས་ལམ་སྲུང་སྐྱོབ་ཀྱི་མཉམ་འབྲེལ་འགོག་སྲུང་བྱ་བའི་གྲོས་ཚོགས་བསྡུས་པ་དང་། ཧྲིན་ཀྲང་གཞོན་པ། ཞིང་ཆེན་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་ལྕགས་ལམ་སྲུབ་སྐྱོབ་མཉམ་འབྲེལ་འགོག་སྲུང་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཀྲི་ཆང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ལིག་ཀྲི་ཆང་གིས་བསྟན་དོན། མཚན་སྙན་ལ་གཅེས་སྤྲས་དང་མུ་མཐུད་དུ་འབད་བརྩོན། སྤྱི་ཚོགས་བདེ་སྲུང་ཕྱོགས་བསྡུས་བཅོས་སྐྱོང་གི་དགེ་མཚན་འདོན་སྤེལ་གང་ལེགས་བཅས་བྱས་ནས། ནུས་ཤུགས་ཡོད་རྒུས་ལྕགས་ལམ་སྲུང་སྐྱོབ་མཉམ་འབྲེལ་འགོག་སྲུང་བྱ་བའི་དཔུང་སྡེ་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པ་དང་། དོ་དམ་ཚད་ལྡན་ཅན་གྱི་འཛུགས་སྐྲུན། བྱ་བའི་ལམ་ལུགས་ཅན་གྱི་འཛུགས་སྐྲུན། སྒར་སའི་གཡུལ་ས་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། གོ་སྒབས་དམ་འཛིན་དང་བཅོས་བསྒྱུར་གསར་སྤེལ་བྱས་ནས། གནས་བབ་གསར་བའི་འཕེལ་རྒྱས་དང་ལས་འགན་བསྒྱུར་བའི་རེ་བ་ལྟར་དུ། གོ་སྐབས་འདུ་ཤེས་བརྟན་པོར་བཅངས་པ་དང་བཅོས་བསྒྱུར་གསར་སྤེལ་རྒྱུན་འཁྱོངས་བྱས་ཏེ། མུ་མཐུད་དུ་བདེན་འཚོལ་གསར་སྐྲུན་དང་དམ་འཛིན་དངོས་གཉེར་གྱི་དགོངས་དོན་དར་སྤེལ་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལྕགས་ལམ་སྲུང་སྐྱོབ་མཉམ་འབྲེལ་འགོག་སྲུང་བྱ་བའི་དངོས་ཡོད་གནས་ཚུལ་ལ་དམ་དུ་དམིགས་ནས། ལྕགས་ལམ་སྲུང་སྐྱོབ་མཉམ་འབྲེལ་འགོག་སྲུང་བྱ་བའི་ཁྲོད་ཀྱི་དཀའ་གནད་སེལ་བའི་ཐད་ནས་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་གསར་བ་ལེན་པར་འབད་བརྩོན་བྱེད་དགོས། མཉམ་ལས་ལ་ཤུགས་བསྣན་ནས་མཉམ་ཤུགས་གྲུབ་པར་བྱས་ནས། ཏང་ཨུས་མགོ་ཁྲིད་པ་དང་། སྲིད་གཞུང་གིས་འགན་ཁུར་བ། མང་ཚོགས་དེའི་ཁྲོད་ཞུགས་པའི་འཆམ་མཐུན་གྱི་གནས་བབ་ཆགས་པར་བྱེད་དགོས་ལ། གནད་དོན་ལ་དོ་སྣང་དང་འགན་འཁྲི་ལག་བསྟར་བྱས་ནས། ལྕགས་ལམ་སྲུང་སྐྱོབ་ཀྱི་མཉམ་འབྲེལ་འགོག་སྲུང་མགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་དང་དུས་རིམ་བགོས་ནས་འགན་གཙང་ལེན་བྱེད་པའི་ལམ་ལུགས། དམིགས་འབེན་དོ་དམ་འགན་འཁྲི་ལམ་ལུགས་བཅས་དངོས་འབེབས་བྱེད་པར་ཁག་ཐེག་བྱེད་དགོས་པ་དང་། སྔ་མོ་ནས་གྲ་སྒྲིག་ཡག་པོ་དང་བཀག་སྡོམ་ནན་མོ་བྱས་ནས། བདེ་འཇགས་དོན་རྐྱེན་གྱི་ཉེན་ཁ་སྣ་ཚོགས་མགོ་ཁུངས་ནས་མེད་པར་བཟོ་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག