མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་གཞུང་དཔང་བཅའ་ཁྲིམས་ཀྱི་ཁ་གཏད་རོགས་སྐྱོར་མངག་གཏོང་བྱ་བའི་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-23 11:05

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་མཐའ་འཁོབ་ས་ཁུལ་གྱི་གཞུང་དཔང་ཁྲུའུ་རུ་གཞུང་དཔང་པ་མེད་པའི་གནད་དོན་ཐག་གཅོད་བྱེད་ཆེད། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན་དང་ཞིང་ཆེན་གཞུང་དཔང་མཐུན་ཚོགས་གཉིས་ཀྱིས་ཉེ་སྔོན་ཞིང་ཆེན་ཡོངས་ཀྱི་གཞུང་དཔང་བཅའ་ཁྲིམས་ཀྱི་ཁ་གཏད་རོགས་སྐྱོར་མངག་གཏོང་བྱ་བའི་གྲོས་ཚོགས་བསྡུས།

ཚོགས་ཐོག་ནས་བསྟན་དོན། གཞུང་དཔང་ཁ་གཏད་རོགས་སྐྱོར་བྱ་བ་ནི་དོན་སྙིང་ལྡན་པ་དང་ཤུགས་རྐྱེན་ཆེ་བ་ཞིག་ཡིན་པས། ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས་བསམ་བློའི་ངོས་ཟིན་ཇེ་མཐོར་བཏང་ནས། གཞུང་དཔང་ཁ་གཏད་རོགས་སྐྱོར་བྱ་བ་དེ་ཁྲིམས་འཛིན་སྲིད་འཛིན་བྱ་བའི་ནང་དོན་གཙོ་བོ་དང་། མང་ཚོགས་ལ་འབྲེལ་འབྲིས་དམ་པོ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ། ཡུན་ཕན་གྱི་སྒྲིག་སྲོལ་འཛུགས་པའི་བྱེད་ཐབས་གཙོ་བོར་བརྩིས་ནས། ཤུགས་ཡོད་ཀྱི་བྱེད་ཐབས་སྤྱད་དེ། བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་ལེན་པར་ཁག་ཐེག་བྱེད་དགོས་ཟེར།

ཚོགས་ཐོག་ནས། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སོགས་གཞུང་དཔང་ཁྲུའུ་བཅུ་གཅིག་གིས་སོ་སོར་མཚོ་སྔོན་ཞིང་ཆེན་བོད་ཁུལ་གྱི་ཁུལ་ལྔའི་གཞུང་དཔང་པ་མེད་པའི་རྫོང་གི་ཁྲིམས་འཛིན་ཅུའུ་བཅུ་དྲུག་དང་གཞུང་དཔང་ཁ་གཏད་རོགས་སྐྱོར་གྱི་གྲོས་མཐུན་བཀོད་པ་དང་། ཟི་ལིང་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་དང་མགོ་ལོག་ཁུལ་ཁྲིམས་འཛིན་ཅུའུ། ཟི་ལིང་གྲོང་ཁྱེར་ཧིན་ཡོན་གཞུང་དཔང་ཁྲུའུ་གསུམ་གྱིས་སོ་སོར་ཚོགས་ཐོག་ནས་གཏམ་བཤད་སྤེལ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག