མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

2013ལོའི་མཚོ་སྔོན་གྱི་འདབ་ཆགས་སྲུང་སྐྱོབ་གཟའ་འཁོར་ཞེས་པའི་བྱ་འགུལ་མཚོ་སྔོན་པོའི་བྱ་གླིང་ནས་སྤེལ་རྒྱུ་ཡིན་པ།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-23 11:03

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་གྱི2013ལོའི་འདབ་ཆགས་སྲུང་སྐྱོབ་གཟའ་འཁོར་ཞེས་པའི་བྱ་འགུལ་མཚོ་སྔོན་པོའི་བྱ་གླིང་ནས་སྤེལ་རྒྱུ་རེད། ད་ལོའི་བྱ་འགུལ་གྱི་སྲོག་ཤིང་ནི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ལ་སྲུང་སྐྱོབ་གང་ལེགས་བྱས་ནས། འདབ་ཆགས་སྐད་སྙན་འབྱིན་ཞིང་མེ་ཏོག་དྲི་ཞིམ་འཐུལ་བའི་མཛེས་སྡུག་གི་མཚོ་སྔོན་པོ་འཛུགས་སྐྲུན་བྱེད་རྒྱུ་དེ་རེད།

འདབ་ཆགས་སྲུང་སྐྱོབ་གཟའ་འཁོར་གྱི་སྐབས་སུ་མཚོ་སྔོན་པོའི་མཐའ་འཁོར་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ན་འཚོ་ཞིང་གནས་པའི་བྱ་རིགས་རྩ་ཆེན་ལ་སྲུང་སྐྱོབ་བྱེད་པ་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ཁྲིམས་སྲོལ་ཚད་ལྡན་ཅན་དུ་གཏོང་བ། རི་སྐྱེས་བྱ་རིགས་ལ་སྲུང་སྐྱོབ་དང་འབྲེལ་བའི་ཤེས་བྱ་དྲིལ་སྒྲོག་བཅས་བྱས་ཏེ།འདབ་ཆགས་བྱའི་ཉིན་མོ་འདི་ཉིད་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ལ་སྲུང་སྐྱོབ་བྱེད་པའི་སྐྱེ་ཁམས་དཔལ་ཡོན་གྱི་དུས་ཆེན་ཞིག་ཏུ་བསྒྱུར་རྒྱུ་རེད།

རྒྱུས་ལོན་བྱས་པའི་གནས་ཚུལ་ལྟར་ན། འདབ་ཆགས་སྲུང་སྐྱོབ་གཟའ་འཁོར་ཞེས་པའི་བྱ་འགུལ་སྤེལ་བའི་སྐབས་སུ། མཚོ་སྔོན་གྱིས་མཚོ་སྔོན་པོའི་བྱ་གླིང་ནས་འཕྲེད་དར་སྟེང་དུ་མིང་རྟགས་འགོད་པའི་བྱ་འགུལ་སྤེལ་ནས། བྱ་རིགས་སྲུང་སྐྱོབ་ཁྲིམས་སྲོལ་དང་ཚན་རིག་ཁྱབ་སྤེལ་སོགས་ཀྱི་ཤེས་བྱ་ཁྱབ་སྒྲོག་བྱེད་རྒྱུ་ཡིན་པར་མ་ཟད། སྐྱེ་དངོས་ཀྱི་འདྲ་རིས་འགྲེམ་སྟོན་བྱས་ཏེ། བྱ་རིགས་ཀྱིས་རང་བྱུང་ཁམས་ལ་ཐོན་པའི་དགེ་མཚན་དང་། བྱ་རིགས་མྱུར་སྐྱོབ་བྱེད་པའི་སྐོར་གྱི་རྒྱུན་ཤེས་སོགས་མཚམས་སྦྱོར་བྱེད་རྒྱུ་ཡིན་ལ། སློབ་གྲྭ་ཆུང་འབྲིང་གི་སློབ་མ་རྣམས་ཀྱིས་ཡུལ་དངོས་ནས་སྲོག་ཆགས་འབྲི་བ་དང་བརྙན་ལེན་པ། བྱ་རིགས་ཀྱི་འགུལ་སྐྱོད་ལ་ལྟ་ཞིབ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། སྤྱི་ཚོགས་དང་སློབ་གྲྭར་བྱ་རིགས་དང་རི་སྐྱེས་སྲོག་ཆགས། སྐྱེ་དངོས་བཅས་ལ་སྲུང་སྐྱོབ་བྱེད་པའི་ཤེས་བྱ་དྲིལ་སྒྲོག་བྱེད་རྒྱུ་རེད། དེ་མིན་ད་དུང་རྩོམ་མཁན་གྲགས་ཅན་དང་གསར་འགོད་པ་རྩེ་གྲས་ཆེད་དུ་གདན་དྲངས་ནས། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་དང་སྐྱེ་ཁམས་རིག་གནས་སྐོར་གྱི་ཆེད་དོན་དྲིལ་སྒྲོག་བྱ་འགུལ་སྤེལ་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག