མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ངལ་རྩོལ་འགྲན་སྡུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཟི་ལིང་སྐྱེ་དངོས་ས་ཁུལ་ནས་མཚོ་སྔོན་མཐོ་སྒང་གི“བཟོ་བའི་གདོང་ལེན་པར” དར་ཆ་སྤྲོད་པའི་མཛད་སྒོ་བསྡུས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-23 10:59

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་ཉེར་གཉིས་ཉིན་མཚོ་སྔོན་ཞིང་ཆེན་ངལ་རྩོལ་འགྲན་སྡུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཟི་ལིང་སྐྱེ་དངོས་ས་ཁུལ་ནས་མཚོ་སྔོན་མཐོ་སྒང་གི“བཟོ་བའི་གདོང་ལེན་པར” དར་ཆ་སྤྲོད་པའི་མཛད་སྒོ་བསྡུས་ནས། ཞིང་ཆེན་ཡོངས་ཀྱི་ས་ཁུལ་འཛུགས་སྐྲུན་ཁྲོད་དུ་བྱས་རྗེས་འབུར་ཐོན་བཞག་པའི་མཚོ་སྔོན་ཁང་ཕུའུ་སྐྱེ་ཁམས་ཚན་རིག་ལག་རྩལ་མ་རྐང་ཚད་ཡོད་ཀུང་ཟིའི་ཡོན་ཧྲ་བྱ་བའི་ས་ཚིགས་དང་མཚོ་སྔོན་ཀྲུང་ཧའོ་རང་བྱུང་སོལ་རླངས་རྫས་འགྱུར་བཟོ་ལས་ཚད་ཡོད་ཀུང་ཟི་ཅ་ཁྲོན་འཁོར་ཁང་བཞི་བ་སོགས་སྔོན་ཐོན་ཐུན་མོང་སུམ་ཅུར་མཚོ་སྔོན་མཐོ་སྒང་གི“བཟོ་བའི་གདོང་ལེན་པའི”གཟི་བརྗིད་མཚན་སྙན་གནང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུའུ་ཉིན་དར་ཆ་སྤྲོད་པའི་མཛད་སྒོར་ཞུགས་པ་མ་ཟད་གཏམ་བཤད།

སུའུ་ཉིན་གྱིས་བསྟན་དོན། ས་ཁུལ་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ནི་དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་དང་། ཐོན་ལས་ཆགས་སྟངས་ལེགས་སྒྲིག་བྱེད་པའི་ཇུས་ཆོད་གལ་ཆེན་ཞིག་ཡིན་པ་དང་། དེ་མཚོ་སྔོན་གྱི་བཅོས་སྒྱུུར་དང་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་འབྲེལ་བ་ཡོད། དེ་རིང་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་མཚོ་སྔོན་མཐོ་སྒང་གི“བཟོ་བའི་གདོང་ལེན་པས” དཀའ་ཁག་གདོང་གིས་བསུས་ནས་བྱ་བ་སྒྲུབ་པའི་སྙིང་སྟོབས་ཆེན་པོ་མཚོན་ཡོད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བས་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ་དང་། ཧུར་ཐག་གིས་ཁུལ་གསུམ་འཛུགས་སྐྲུན་བྱེད་པ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་འཐབ་ཇུས་ལས་འགན་གཏན་ལ་ཕབ། འཐབ་ཇུས་ལས་འགན་འདི་མངོན་འགྱུར་བྱེད་དགོས་ན། མཐོ་སྒང་གི་ལས་བཟོ་བ་ས་ཡ་གཅིག་ལ་བདེ་སྐྱིད་བསྐྲུན་དགོས་པ་མ་ཟད། ངེས་པར་དུ་མཐོ་སྒང་གི་ལས་བཟོ་བ་ས་ཡ་གཅིག་ལྷག་ལ་བརྟེན་དགོས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་བ་རྣམས་ཀྱིས་ཡིད་ཆེས་ཇེ་བརྟན་དུ་བཏང་ནས་ཏང་གི་རྗེས་སུ་འབྲངས་པ་དང་། ཁུལ་གསུམ་འཛུགས་སྐྲུན་བྱེད་པའི་བྱ་བར་ཞུགས་པ། དཀའ་སྤྱད་ཀྱིས་ངལ་རྩོལ་བྱེད་པ། གསར་སྐྲུན་རང་བཞིན་གྱི་སྒོ་ནས་ངལ་རྩོལ་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་དང་། སྐྱེ་ཁམས། དམངས་འཚོ་བཅས་ཀྱི“རིམ་སྤོར་པར་གཞི”བསྐྲུན་པར་བྱས་རྗེས་འཇོག་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག