མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-22 10:22

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་གྱིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྲོས་ཚོགས་བསྡུས་པ་དང་། ཚོགས་ཐོག་ནས་སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་ཚུན་གྱི་ཉམས་མྱོང་དང་བྱེད་ཐབས་བརྗེ་རེས་དང་། དེའི་ཁྲོད་གནས་པའི་འབུར་ཐོན་གནད་དོན་འཚོལ་ཞིབ་དང་དབྱེ་ཞིབ་བྱེད་པ། རིམ་པ་རྗེས་མའི་བྱ་བར་བཀོད་སྒྲིག་བཅས་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ལིན་ཅོན་གྱིས་གྲོས་ཚོགས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཝང་ལིན་ཅོན་གྱིས་ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོའི་སློབ་གསོ་ལག་ལེན་བྱ་འགུལ་གཞུང་སྒྲུབ་ཁང་གི་སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་དུས་རིམ་དང་པོའི་བྱ་བར་ཁས་ལེན་གང་ལེགས་བྱེད་པའི་ཞོར་དུ། དེའི་ཁྲོད་གནས་པའི་མི་འདང་ས་དང་བར་ཁྱད་ཀྱང་གསལ་འདོན་བྱས། ཁོས་བསྟན་དོན། རིམ་པ་སོ་སོའི་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གིས་གཞུང་སྒྲུབ་ཁང་གི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་། གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྱི་ལས་འགན་ལག་བསྟར་བཟང་བོ་བྱེད་པ། ཐོག་མཐའ་བར་གསུམ་དུ་མགོ་ཁྲིད་དང་པོར་ལྟ་སྐུལ་ནན་མོ་བྱེད་པ་བཅས་བྱས་ནས། མགོ་ཁྲིད་དང་པོས་དུས་ཚོད་དམ་འཛིན་དང་སྟོབས་ཤུགས་ཡོད་རྒུས་འགན་ཁུར་ལག་བསྟར་ནན་མོ་བྱས་ཏེ། བྱ་འགུལ་བཟང་བོར་སྤེལ་བར་ཁག་ཐེག་བྱེད་དགོས་ཟེར།

ཝང་ལིན་ཅོན་གྱིས་ས་ཆ་སོ་སོའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྱིས་ནན་ཏན་གྱིས་བྱ་བའི་ལས་འགན་ལག་བསྟར་བྱས་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གཅིག་གྱུར་བཀོད་འདོམས་འོག ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས་པ་དང་། ས་ཆ་སོ་སོའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས། བྱ་བའི་ཁྱད་ཆོས་མངོན་པར་བྱེད་པ་དང་ཁྱད་ཆོས་གསར་སྐྲུན་བྱས་ཏེ། དངོས་ཕན་བརྩོན་ལེན་བྱེད་པའི་སྟེང་ཤུགས་བཏོན་ནས། དུས་རིམ་རྗེས་མའི་བྱ་བ་བརྟན་བརླིང་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག