མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གཅིག་སྒྲིལ་རྫོང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་ཁྲོད་དུ་མང་ཚོགས་ལ་དོན་བཟང་བསྒྲུབས་ནས་ཕན་འབྲས་ཅུང་བཟང་བོ་བླངས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-21 10:33

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་ཁྲོད་དུ། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གིས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་བྱེད་པ་དང་། མང་ཚོགས་ཀྱི་དཀའ་ཁག་ཐག་གཅོད་པ་ནས་མགོ་འཛིན་པའི་བྱ་བ་ནམ་ཡིན་ཡང་རྒྱུན་འཁྱོངས་བྱས།

ད་ལོར་གཅིག་སྒྲིལ་རྫོང་གིས་རྟོག་ཞིབ་དང་འབྲེལ་གཏུག་བྱེད་ས། གཞི་རིམ་གྱི་སྡེ་དཔོན་རོགས་སྐྱོར་བཅས་ལམ་ལུགས་གསུམ་བཙུགས་ནས། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པ་སྡེ་བར་སོང་ནས་མང་ཚོགས་དང་འབྲེལ་འདྲིས་བྱས་ནས་དོན་བཟང་སྒྲུབ་པའི་བྱ་འགུལ་སྤེལ་དགོས་པའི་རེ་བ་བཏོན། ད་ལོར་རྫོང་རིམ་པའི་མགོ་ཁྲིད་ལས་བྱེད་པ་ཚང་མ་རྫོང་ཡོངས་ཀྱི་སྲིད་འཛིན་སྡེ་བ་ཉེར་གཉིས་སུ་སོང་ནས་སྡེ་བ་སོ་སོའི་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། རྟོག་ཞིབ་སྙན་ཞུ་གཅིག་བྲིས་ནས། རྫོང་ཏང་ཨུའི་ཡང་དག་པའི་ཇུས་ཆོད་ལ་ཚན་རིག་གི་གཞི་འཛིན་ས་འདོན་སྤྲོད་བྱས་པའི་ཞོར་དུ། ད་རུང་འབྲེལ་གཏུག་བྱེད་སའི་སྡེ་བའི་མང་ཚོགས་ལ་དོན་བཟང་གཉིས་རེ་སྒྲུབ་རོགས་བྱས་ཤིང་། སྡེ་བ་ཉེར་གཉིས་སུ་ཕུལ་བྱུང་སློབ་གྲྭ་ཆེན་མོ་བའི་སྡེ་དཔོན་གཅིག་རེ་དང་ཡང་ན་སྤྱི་ཕན་ལས་གནས་ཀྱི་ལས་ཞུགས་མི་སྣ་མངགས་ཏེ་སྡེ་བའི་ཀྲི་པུའུ་དང་སྡེ་བའི་ཀྲུའུ་རིན་གྱི་ལས་རོགས་པའི་འགན་ཁུར་ཏེ། སྡེ་བ་དང་གཞོགས་འདེགས་བྱས་ནས་བྱ་བ་སྤེལ་ཏེ་སྔར་ལས་བཟང་བོའི་སྒོ་ནས་གཞི་རིམ་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག