མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཞིང་ཆེན་ཕྱི་ནང་གི་ཕྱོགས་སོ་སོས་ནུས་ཤུགས་ཡོད་རྒུས་རྨ་སྟོད་རྫོང་ལ་རོགས་སྐྱོར་བྱས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-21 10:29

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཧྲང་ཧེ་གྲོང་ཁྱེར་དང་རྒྱལ་ཁབ་གློག་དྲ་ཀུང་ཟི། ཞིང་ཆེན་རིམ་པའི་ཁ་གཏད་རོགས་སྐྱོར་བྱེད་པའི་ཐིན་དང་ཅུའུ་བཅས་ཀྱིས་སྟོབས་ཤུགས་ཡོད་རྒུས་རོགས་སྐྱོར་བྱས་པས། ཉེ་བའི་ལོ་འགའི་རིང་། རྨ་ཆུའི་མགོ་ཁུངས་དུ་ཡོད་པའི་རྨ་སྟོད་རྫོང་གི་གྲོང་གསེབ་ཀྱི་རྨང་གཞི་སྒྲིག་ཆས་ལ་ལེགས་བཅོས་མངོན་གསལ་ཐོབ་པ་དང་། དམངས་འཚོ་དང་མ་མཐའི་སྤྱི་བའི་ཞབས་ཞུའི་འགན་ནུས་མངོན་གསལ་གྱིས་མཐོར་འདེགས་བྱུང་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་ཐད་སྐུལ་འདེད་སྔར་ལས་ཆེན་པོ་ཐོབ།

རྨ་སྟོད་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་བཞིན་པའི་ཧྲང་ཧེ་གྲོང་ཁྱེར་གྱིས་མགོ་ལོག་གི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བའི་རྨ་སྟོད་ཀྱི2013ལོ་ནས2015ལོའི་འཆར་འགོད་བཟོས་པ་མ་ཟད། མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་དྲུག་འབུམ་གསུམ་བཏང་ནས་རྫོང་མི་དམངས་སྨན་ཁང་གི་དབྱངས་དབུགས་བཟོ་ས་འཛུགས་སྐྲུན་དང་རྨ་ཆུ་ཞང་གི་མི་ཕྱུགས་འཐུང་ཆུ་བཟོ་སྐྲུན། རྨ་ཕྲ་ལི་གྲོང་རྡལ་སུམ་མདོ་གཞུང་ལམ་འཛུགས་སྐྲུན། ཁྲོམ་སྲང་གི་ཁོར་ཡུག་བསྒྱུར་བཀོད་ལས་གཞི་བཅས་ལག་བསྟར་བྱས་པ་དང་། རྒྱལ་ཁབ་གློག་དྲ་ཀུང་ཟིས་མ་དངུལ་སྒོར་བྱེ་བ་གཅིག་དང་འབུམ་བརྒྱད་བཏང་ནས་རྨ་སྟོད་རྫོང་གི་ཏང་སྲིད་དམག་གསུམ་དང་ཁེ་ལས་ཀྱིས་མཉམ་འཛུགས་བྱེད་པའི་དཔེ་སྟོན་སྡེ་བའི་གློག་འདོན་ལས་གཞི་དང་རྨ་སྟོད་རྫོང་མཛོ་རྒན་ར་བར་གྲོང་རྡལ་མཚོ་རིག་སྡེ་བ་སོགས་སྡེ་བ་བརྒྱད་ཀྱི་མི་ཕྱུགས་འཐུང་ཆུའི་བདེ་འཇགས་བཟོ་སྐྲུན། རྨ་སྟོད་རྫོང་ཞིང་ལས་རྒྱུ་ཆས་ཚོང་རའི་འཛུགས་སྐྲུན་ལས་གཞི། རྨ་སྟོད་རྫོང་སུམ་མདོ་འཕྲོད་བསྟེན་ཁང་འཛུགས་སྐྲུན་ལས་གཞི་བཅས་ལག་བསྟར་བྱས། དེ་མ་ཟད། 2013ལོ་ནས་བཟུང་། ཧྲང་ཧེ་གྲོང་ཁྱེར་ཧོང་ཕི་ཁུལ་དང་རྒྱལ་ཁབ་གློག་དྲ་ཧྲང་ཧེ་གྲོང་ཁྱེར་གློག་ཤུགས་ཀུང་ཟིས་ལོ་རེར་རྨ་སྟོད་རྫོང་ལ་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་བརྒྱད་ཞལ་འདེབས་སུ་འབུལ་བཞིན་ཡོད།

མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་ཐིན་དང་ཅུའུ་སོ་སོས་ཁ་གཏད་རོགས་སྐྱོར་འབྲེལ་བ་བཙུགས་ནས་རོགས་སྐྱོར་བྱེད་པའི་གོ་རིམ་ཁྲོད་དུ། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་དང་རྨ་སྟོད་རྫོང་གཉིས་ཀྱིས་ལས་བྱེད་པའི་དཔུང་སྡེ་བརྗེ་རེས་དང་ལས་འཁུར་སྒྲིག་སྲོལ་བཙུགས་པ་དང་། མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་ལྔ་བཏང་ནས་རྨ་སྟོད་རྫོང་གི་ཞིང་ཕྱུགས་ཐོན་རྫས་སྡེབ་ཚོང་ཚོང་ར་དང་མི་རིགས་ཉོ་ཚོང་ཀུང་ཟིའི་ཚོང་ཁང་བསྒྱུར་བཀོད་ལས་གཞི་ལག་བསྟར་བྱས་པ་དང། ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་བཞི་འབུམ་གསུམ་ཁྲི་བརྒྱད་བཏང་ནས། ཨ་བྲའི་གནོད་པ་འགོག་བཅོས་དང་འབྲོག་ཁུལ་གྱི་ཕྱུགས་སྤྱོད་དྲོད་ཁང་། འོད་ཟེར་བཟོ་སྐྲུན་གསོ་སྦྱོང་། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་འཛུགས་སྐྲུན། གནོད་འགོག་གཟན་རྩྭ་གསོག་འཇོག་གི་སྐྱེལ་འདྲེན་ཁ་གསབ་སོགས་ལས་གཞི་བཅུ་གཉིས་ལག་བསྟར་བྱས་ལ། ད་དུང་ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་ཆུ་བེད་ཆུ་གློག་སྡེ་ཚོགས། ཞིང་ཆེན་ཆུ་བེད་ཆུ་གློག་ཐིག་ལེན་ཇུས་འགོད་གླིང་བཅས་ཀྱིས་མ་དངུལ་འབོར་ཆེན་བཏང་ནས་རྨ་སྟོད་རྫོང་ནས་དམངས་ཕན་ལས་གཞི་མང་པོ་ལག་བསྟར་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག