མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་ཞིང་ལས་ལ་རོགས་སྐྱོར་བྱེད་པའི་མ་དངུལ་ཇེ་མང་དུ་བཏང་བ།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-21 09:53

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་ཞིང་ལས་ལ་རོགས་སྐྱོར་བྱེད་པའི་མ་དངུལ་ལེགས་སྒྲིག་བྱེད་པ་དང་། ཞིང་ལས་ལ་རོགས་སྐྱོར་བྱེད་པའི་མ་དངུལ་བཀོལ་སྤྱོད་དང་དོ་དམ་བྱེད་པར་ཤུགས་སྣོན་རྒྱུ་དེ་ཞིང་ལས་ལ་རོགས་སྐྱོར་བྱེད་པའི་ཐབས་ལམ་གསར་སྐྲུན་བྱེད་པ་དང་། ནོར་སྲིད་མ་དངུལ་གཏོང་བའི་ལམ་ལུགས་བཅོས་བསྒྱུར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། ཞིང་ལས་ལ་རོགས་སྐྱོར་བྱེད་པའི་མ་དངུལ་གྱི་བཀོལ་སྤྱོད་ནུས་པ་མངོན་གསལ་སྒོས་འདོན་སྤེལ་བྱས་པར་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་དང་འབྲོག་ཁུལ་གསར་བ་འཛུགས་སྐྲུན་བྱེད་པར་ནུས་ཡོད་སྒོས་སྐུལ་འདེད་བཏང་།

སྤྱི་ཚོགས་ཡོངས་ཀྱིས་རོང་འབྲོག་ཕྱོགས་དང་ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་སྟོབས་ཤུགས་ཆགས་པར་བྱེད་ཆེད། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་ཞིང་ཆེན་རིམ་པའི་ལོ་མགོའི་སྔོན་རྩིས་དང་ཟུང་འབྲེལ་བྱས་ཏེ། ཀྲུང་དབྱང་ནོར་སྲིད་ཀྱི་ཞིང་ལས་ལ་རོགས་སྐྱོར་དང་དབུལ་སྐྱོར་བྱེད་པའི་ཆེད་སྤྱོད་མ་དངུལ་དང་། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་ཞིང་ལས་ལ་རོགས་སྐྱོར་དང་དབུལ་སྐྱོར་བྱེད་པའི་ཆེད་སྤྱོད་མ་དངུལ། ཀྲུང་དབྱང་དང་ཞིང་ཆེན་གྱི་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་བྱེད་པའི་ཆེད་སྤྱོད་མ་དངུལ། ལེའོ་ཉིན་ཞིང་ཆེན་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཆེད་སྤྱོད་མ་དངུལ་བཅས་ལེགས་སྒྲིག་བྱས་ནས། མ་དངུལ་གྱི་གཞི་ཁྱོན་ལོ་རེ་བཞིན་རྒྱ་བསྐྱེད། ད་ལོར་ཞིང་ཆེན་རིམ་པའི་ཞིང་ལས་ལ་རོགས་སྐྱོར་བྱེད་པའི་ཆེད་སྤྱོད་མ་དངུལ་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་ལྔ་བྱེ་བ་གཉིས་དང་ས་ཡ་དགུར་བསླེབས་པ་དེ། 2013ལོ་ལས་བརྒྱ་ཆའི་ང་དྲུག་དང་གྲངས་ཆུང་བཞི་ལྔ་འཕར། མ་དངུལ་ལེགས་སྒྲིག་བྱས་ནས། ལས་གཞི་གཙོ་བོ་ལག་བསྟར་བྱེད་པར་ཁག་ཐེག་བྱས་པར་མ་ཟད། མ་དངུལ་བཀོད་སྒྲིག་བྱེད་པའི་ཁྲོད་ཀྱི་འགལ་བ་དང་གནད་དོན་མང་པོ་ཐག་བཅད་དེ། མ་དངུལ་བཀོལ་སྤྱོད་བྱེད་པའི་ཕན་འབྲས་མངོན་གསལ་སྒོས་མཐོར་འདེགས་སུ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག