མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་དཀའ་ཁག་ཅན་གྱི་མང་ཚོགས་ལ་རོགས་རམ་བྱས་ནས་ཞིང་སྡེའི་སྨན་བཅོས་འགན་སྲུང་བྱ་བར་ཞུགས་སུ་བཅུག་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-21 09:53

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྨན་བཅོས་མྱུར་སྐྱོབ་ཀྱི་འགན་སྲུང་ནུས་པ་གང་ལེགས་སྒོས་འདོན་སྤེལ་བྱེད་པ་དང་། དཀའ་ཁག་ཅན་གྱི་མང་ཚོགས་ཀྱིས་དུས་ཐོག་ཏུ་གཞི་རྩའི་སྨན་བཅོས་ཉེན་དང་། ནད་ལྗིད་མོའི་སྨན་བཅོས་འགན་སྲུང་ཉེན་ཚབ། སྨན་བཅོས་རྒུད་སྐྱོབ་སོགས་རིམ་པ་མང་བོའི་སྨན་བཅོས་འགན་སྲུང་ལོངས་སུ་སྤྱོད་པར་ཁག་ཐེག་བྱེད་ཆེད། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱི«སྨན་བཅོས་མྱུར་སྐྱོབ་བྱེད་ཡུལ་གཙོ་བོ2014ལོར་ཞིང་སྡེའི་མཉམ་ལས་སྨན་བཅོས་འགན་སྲུང་དུ་ཞུགས་སུ་འཇུག་པའི་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་བརྡ་ཐོའི»རེ་བ་ལྟར། ས་གནས་དམངས་སྲིད་སྡེ་ཁག་གིས་དུས་ཐོག་ཏུ་གླ་རིན་ཚབ་སྤྲོད་བྱེད་པ་དང་ཁ་གསབ་རྒྱག་པ་སོགས་ཀྱི་རྣམ་པ་སྤྱད་དེ་མཁར་གྲོང་གི་དཀའ་ཁག་ཅན་གྱི་མང་ཚོགས་ཁྲི67ལྷག་མཁར་གྲོང་སྡོད་དམངས་སྨན་བཅོས་འགན་སྲུང་དུ་ཞུགས་པར་མ་དངུལ་ཐད་ནས་རོགས་སྐྱོར་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་དམངས་སྲིད་ཐིན་གྱིས་ས་གནས་སོ་སོས་མུ་མཐུད་དུ་སྤྱི་ཚོགས་འགན་སྲུང་སྡེ་ཁག་བར་གྱི་འབྲེལ་མཐུད་བྱ་བ་བཟང་བོར་སྒྲུབ་པ་ལས་གཞན། ད་རུང་དུས་ཐོག་ཏུ་གླ་རིན་སྤྲོད་ཐུབ་མེད་པའི་མང་ཚོགས་རྩད་བཅད་ནས། ཆ་རྐྱེན་དང་མཐུན་པའི་དཀའ་ཁག་མང་ཚོགས་དུས་ཐོག་ཏུ་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་བྱ་བར་ཞུགས་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན། ཟླ་གསུམ་པའི་ཟླ་མཇུག་ཏུ་ཆ་འཕྲིན་གྱི་ནོར་འཁྲུལ་བྱུང་ནས་དུས་ཐོག་ཏུ་སྤྲོད་མ་ཐུབ་པའི་མི་ལ་ལ་ཞིག་ལས། ཞིང་ཆེན་ཡོངས་སུ་བསྡོམས་པས་དཀའ་ཁག་ཅན་གྱི་མང་ཚོགས་འབུམ་དྲུག་དང་ཁྲི་བདུན་སྟོང་བདུན་བརྒྱ་དང་སོ་དྲུག་ཞིང་སྡེའི་མཉམ་ལས་སྨན་བཅོས་འགན་སྲུང་དུ་ཞུགས་པར་རོགས་སྐྱོར་བྱས་པ་དང་། རོགས་སྐྱོར་བྱས་ཚད་བརྒྱ་ཆའི་གོ་དགུ་དང་གྲངས་ཆུང་བརྒྱད་བཞི་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག