མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་ལག་རྩལ་བྱང་ཆུད་པ་དང་དོ་དམ་ལ་མཁས་པའི་རོང་འབྲོག་པ་ཁྲི་བདུན་གསོ་སྦྱོང་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-20 10:22

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ན་ནིང་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་ཞིང་ཕྱུགས་ལས་ཐད་ཀྱི་བཟོ་སྐྲུན་གཙོ་བོ་དང་ལས་གཞི་གཙོ་བོ་རྒྱབ་རྟེན་དུ་བྱས་པ་དང་། ཞིང་སྡེ་གསར་བའི་འཛུགས་སྐྲུན་དང་མཁར་གྲོང་གཞི་གཅིག་ཅན་གྱི་རེ་བར་དམ་དུ་དམིགས་ནས། ནུས་ཤུགས་ཡོད་རྒུས་རིགས་གསར་བའི་ལས་རིགས་ཞིང་བ་སྐྱེད་བསྲིང་དང་ཧུར་ཐག་གིས་ལག་རྩལ་ལ་བྱང་ཆུད་པ་དང་ཚོང་གཉེར་དང་དོ་དམ་ལ་མཁས་པའི་ལས་རིགས་རོང་འབྲོག་དམངས་ཀྱི་དཔུང་སྡེ་ཞིག་འཛུགས་སྐྲུན་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་རིག་པའི་རྒྱབ་སྐྱོར་བྱས་པ་དང་། ད་ལོར། ཞིང་སྡེའི་ངལ་རྩོལ་པའི་ཉི་འོད་བཟོ་སྐྲུན་དང་རིགས་གསར་བའི་ལས་རིགས་རོང་འབྲོག་དམངས་ཀྱི་གསོ་སྦྱོང་བཟོ་སྐྲུན་གྱིས་རོང་འབྲོག་དམངས་ཁྲི་བདུན་ལ་ཕན་འདོག་རྒྱུ་རེད། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་རོང་འབྲོག་དམངས་ཁྲི་བདུན་ལ་གསོ་སྦྱོང་བྱེད་པའི་ཞོར་དུ། ལས་རིགས་ཞིང་བའི་སྐྱེད་བསྲིང་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་བརྩོན་ལེན་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་ལས་རིགས་ཞིང་བའི་དཔུང་སྡེ་རྒྱ་བསྐྱེད་པ་དང་། ཞིང་ཕྱུགས་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག