མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

དུས་ཚིགས་དང་པོའི་ནང་མཚོ་སྔོན་གྱི་གནས་སྐོར་ལས་རིགས་རྒྱུན་མཐུད་ངང་བརྟན་བརླིང་སྒོས་འཕེལ་རྒྱས་སུ་སོང་སྟེ་ཡོང་སྒོ་སྒོར་དུང་ཕྱུར15.83བསྐྲུན་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-04-20 10:19

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནས་སྐོར་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་དུས་ཚིགས་དང་པོའི་ནང་མཚོ་སྔོན་གྱི་གནས་སྐོར་ལས་རིགས་རྒྱུན་མཐུད་ངང་བརྟན་བརླིང་སྒོས་འཕེལ་རྒྱས་སུ་སོང་བ་དང་། རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་པ་མི་ཐེངས་ཁྲི174.74སྣེ་ལེན་བྱས་ལ། དུས་མཉམ་ལས12.8%འཕར་ཡོད། གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར15.83མངོན་འགྱུར་བྱས་ཏེ་དུས་མཉམ་ལས27.5%འཕར་ཡོད།

དུས་ཚིགས་དང་པོའི་ནང་། མཚོ་སྔོན་གྱིས་མུ་མཐུད་དུ་རབ་མཛེས་མཚོ་སྔོན་གྱི་གནས་སྐོར་དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ལོ་ཧྲིལ་བོའི་ཕྱིར་འཚོང་འཆར་གཞི་བཟོས་པ་དང་། ཁེ་ལས་རྩ་འཛུགས་བྱས་ཏེ་གནས་སྐོར་ཉོ་ཚོང་ཚོགས་འདུ་ཞུགས་ནས་ཀྲུང་དབྱང་བརྙན་འཕྲིན་ལས་དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། རྒྱང་སྒྲོག་དང་དྲ་བ། ཚགས་པར་སོགས་ནས་མཚོ་སྔོན་གྱི་གནས་སྐོར་ཐོན་ཁུངས་དྲིལ་སྒྲོག་བྱས་པ་བརྒྱུད་སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གྱི་གནས་སྐོར་མཚན་སྙན་ཇེ་ཆེར་བཏང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་སོ་སོས་སྔ་རྗེས་སུ་མེ་ཏོག་མཆོད་མཇལ་དང་མཚོ་སྔོན་པོ་གངས་འཁྱག་རོལ་རྩེད་རོལ་མྱོང་ལྟ་སྐོར། ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་གྱི་འབྲི་ཏ་ས་འཛིན་བཏོག་པའི་དུས་ཆེན་སོགས་ཀྱི་བྱ་འགུལ་སྤེལ་བ་བརྒྱུད་གནས་སྐོར་ཐོན་རྫས་ཕུན་སུམ་ཚོགས་པ་དང་གནས་སྐོར་ཚོང་རར་གསོན་ཤུགས་བསྣན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག