མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཟི་ལིང་ས་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱིས་མར་ཁི་སི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་ཆེད་དོན་ཟུར་ཁྲིད་ཐེངས་བཅུ་བ་སྤེལ་པ།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-20 10:18

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་རྩ་འཛུགས་བྱས་པའི་ཟི་ལིང་ས་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱི་མར་ཁི་སི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་ཆེད་དོན་ཟུར་ཁྲིད་སྙན་ཞུ་ཐེངས་བཅུ་བ་སྤེལ་ཏེ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་ཁྲིད་ཞིབ་འཇུག་ཁང་གི་ཀྲུའུ་རིན། དགེ་རྒན་ཆེན་མོ་བུའུ་ཡུས་མེན་གདན་དྲངས་ཏེ་ཁ་ཡིག་ལ་མར་ཁི་སི་རིང་ལུགས་ཀྱི་མཚན་ཉིད་རིག་པར་སློབ་སྦྱོང་བྱས་ནས། རིགས་གཞུང་དང་བསམ་གཞིགས་གཏོང་བའི་ནུས་པ་མཐོར་འདེགས་སུ་གཏོང་དགོས་ཞེས་པའི་ཆེད་དོན་འཆད་ཁྲིད་སྤེལ།

དགེ་རྒན་ཆེན་མོ་བུའུ་ཡུས་མེན་གྱིས་མར་ཁི་སི་རིང་ལུགས་ཀྱི་མཚན་ཉིད་རིག་པར་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་པ་ནི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་རིགས་གཞུང་དང་བསམ་གཞིགས་གཏོང་བའི་ནུས་པ་མཐོར་འདེགས་སུ་གཏོང་བའི་རྨང་གཞི་གལ་ཆེན་ཡིན་ལ། མར་ཁི་སི་རིང་ལུགས་ཀྱི་དངོས་གཙོ་སྨྲ་བ་དང་ལག་ལེན་ལྟ་བ་ཁོང་དུ་ཆུད་པར་བྱེད་པ་དང་། རང་རྟོགས་སྒོས་དོན་དངོས་ཡོད་ཚད་གཞིར་འཛིན་པ་དང་རིགས་གཞུང་དང་ལག་ལེན་གཉིས་ཟུང་འབྲེལ་བྱེད་པའི་རྩ་བའི་རྩ་དོན་ཡིན་པར་མ་ཟད། དངོས་གཙོའི་རྩོད་སྒྲུབ་རིག་པར་སློབ་སྦྱོང་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་རྩོད་སྒྲུབ་བསམ་བློའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ། ལོ་རྒྱུས་དངོས་གཙོ་རིང་ལུགས་ལ་སློབ་སྦྱོང་བྱེད་པར་མཐོང་ཆེན་བྱེད་པ། ཕུགས་བསམ་དང་ཡིད་ཆེས་ཀྱི་རང་རྟོགས་རང་བཞིན་དང་ཐག་ཆོད་རང་བཞིན་ཧུར་ཐག་སྒོས་སྐྱེད་སྲིང་བྱེད་པ་སོགས་ཀྱི་ནང་དོན་ལ་དམིགས་ཏེ་འགྲེལ་བཤད་ཟབ་མོ་བྱས། འཆད་ཁྲིད་ཀྱི་ནང་དོན་འབུར་དུ་ཐོན་ཞིང་ཕུན་སུམ་ཚོགས་ལ། འགྲེམ་བཤད་གཏིང་ཟབ་པས། དེ་ཟི་ལིང་ས་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་ལས་བཟོ་བས་ཇི་ལྟར་མར་ཁི་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་སྤྱད་དེ་དོན་དངོས་དང་མཐུན་པའི་སྒོ་ནས་འཛམ་གླིང་ལ་ངོས་འཛིན་པ་དང་། གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་བཅས་བྱེད་པའི་ཁྲོད་ཐུག་པའི་གནད་དོན་གལ་ཆེན་ཇི་ལྟར་ཐག་གཅོད་བྱེད་པར་སློབ་གསོའི་དོན་སྙིང་གལ་ཆེན་ལྡན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག