མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ཐོབ་པས་ཨ་ཆེན་གངས་རྒྱབ་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་ཁ་གྲངས་མངོན་གསལ་གྱིས་སླར་གསོ་བྱུང་ཡོད་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-04-20 10:18

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐྱེ་ཁམས་ཁོར་ཡུག་ལ་ལེགས་བཅོས་དང་ལྐོག་རྔོན་ལ་རྒོལ་བའི་བྱ་བ་མུ་མཐུད་དུ་སྤེལ་བ་དང་བསྟུན་ནས། ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་མངའ་ཁོངས་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་ཁ་གྲངས་མངོན་གསལ་གྱིས་སླར་གསོ་བྱུང་ཡོད་ལ། རི་དྭགས་གཙོད་ཀྱི་སྤྱི་ཡོངས་ཀྱི་ཐོན་ཁུངས་རིམ་བཞིན་ཇེ་མང་དུ་སོང་ནས་གཙོད་ཀྱི་ཁ་གྲངས་ཁྲི6ལྷག་ལ་སླེབས་ཡོད།

ཨ་ཆེན་གངས་རྒྱབ་སྲུང་སྐྱོང་ཁུལ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་བུ་ཕྲུག་གིས་མཚམས་སྦྱོར་བྱེད་རྒྱུར། རང་རྒྱལ་གྱི་ཆེས་ཆེ་བའི“མི་མེད་ས་ཁུལ”དུ་ངལ་གསོ་བྱེད་བཞིན་པའི་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་དང་བརྟག་བཤེར་བྱེད་ཆེད། དོ་དམ་ཅུའུ་ཡིས་ལོ་རེར་ཐེངས་མང་པོར་བསྐོར་ཞིབ་མི་སྣ་རྩ་འཛུགས་བྱས་ཏེ་སྤྱི་ལེ་གྲུ་བཞི་མ་ཁྲི4.5ཡོད་པའི་ས་ཁོངས་དུ་དྲག་ཆས་བསྐོར་ཞིབ་བྱ་འགུལ་སྤེལ་བཞིན་ཡོད། 2008ལོ་ནས་བཟུང་ཨ་ཆེན་གངས་རྒྱབ་མངའ་ཁོངས་སུ་ལྐོག་རྔོན་བྱེད་པའི་སྣང་ཚུལ་གཅིག་ཀྱང་བྱུང་མེད་ཟེར།

བསྐོར་ཞིབ་བྱ་འགུལ་ཁྲོད། སྲུང་སྐྱོང་རུ་མིས་གཙོད་དང་འབྲོང་། རྐྱང་། དགོ་བ་སོགས་རི་སྐྱེས་སྲོག་ཆགས་མང་པོ་ཁྱུ་དང་ཁྱུ་བྱས་ཡོད་པ་མཐོང་། སྔོན་ཆད་མཚོ་བོད་ལྕགས་ལམ་འགྲམ་རྒྱུད་དུ་རྐྱང་དང་གཙོད་སོགས་ཀྱི་སྲོག་ཆགས་མཐོང་དཀོན་པ་དང་། ད་ལྟ་རྒྱུན་དུ་མཐོང་ཐུབ།

འབྲེལ་ཡོད་སྡེ་ཁག་དང་ཨ་ཆེན་གངས་རྒྱབ་སྲུང་སྐྱོང་ཁུལ་དོ་དམ་ཅུའུ་སོགས་སྡེ་ཁག་གིས་རྒྱུན་མཐུད་ལྟ་ཞིབ་བསྡོམས་རྩིས་བྱས་པར་གཞིགས་ན། ཨ་ཆེན་གངས་རྒྱབ་སྲུང་སྐྱོང་ཁུལ་མངའ་ཁོངས་དང་མཐའ་བསྐོར་ས་ཁུལ་དུ་གཙོད་ཀྱི་ཁ་གྲངས་ཁྲི6ལྷག་ལ་སླེབས་ཡོད་པ་དང་། དུས་རབས་སྔོན་མའི་ལོ་རབས90བའི་དུས་མཇུག་དང་བསྡུར་ན་ཁྲི4ལྷག་ཇེ་མང་ལ་སོང་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག