མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་མཐོ་སྒང་གི་མཛེས་སྡུག་ཤང་སྡེ་འཛུགས་སྐྲུན་ལ“འཆར་གཞི་སྔོན་དུ་འགྲོ་བའི”རྩ་དོན་གསལ་བོར་བཏོན་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-19 11:44

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་གི་མཛེས་སྡུག་ཤང་སྡེ་འཛུགས་སྐྲུན་བཀོད་སྒྲིག་བྱས་པ་ཡོད་ཚད་ལ་ངེས་པར་དུ“སྔོན་ལ་འཆར་འགོད་དང་རྗེས་སུ་འཛུགས་སྐྲུན”བྱེད་པའི་འཆར་གཞི་སྔོན་དུ་འགྲོ་བའི་འཛུགས་སྐྲུན་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཡུལ་བབ་དང་བསྟུན་ནས་སྡེ་བའི་འཛུགས་སྐྲུན་ལས་གཞི་དང་འཛུགས་སྐྲུན་གོ་རིམ་གཏན་འཁེལ་བྱེད་དགོས་ལ། གཅིག་གྱུར་གྱིས་སྡེ་བའི་སྡོད་ཁང་དང་རྨང་གཞི་སྒྲིག་ཆས། སྤྱི་བའི་ཞབས་ཞུ་སྒྲིག་ཆས་འཛུགས་སྐྲུན་བྱས་ནས་གོ་རིམ་པའི་ངང་ནས་འཛུགས་སྐྲུན་དང་ཚན་རིག་དང་མཐུན་སྒོ་ནས་འཛུགས་སྐྲུན། འཛུགས་སྐྲུན་སྤུས་ཚད་ལ་ཁག་ཐེག་བྱེད་དགོས།

གསར་འགོད་པས་ཞིང་ཆེན་སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་པ་ལྟར་ན། 2011ལོའི་ཚུན་ནས་བཟུང་། ཞིང་ཆེན་གྱིས་བསྟུད་མར་ལོ་གསུམ་རིང་མ་དངུལ་སྒོར་དུང་ཕྱུར3བཏོན་ནས་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་སྲིད་འཛིན་སྡེ་བའི་འཆར་འགོད་ལ་ཁ་གསབ་བྱས་པ་དང་། མིག་སྔའི་བར་དུ་སྡེ་བ3150གི་འཆར་འགོད་སྒྲིག་བཟོ་བྱས་ཤིང་། དེས་ཞིང་ཡོངས་ཀྱི་སྡེ་བའི་བཞི་ཆ་གསུམ་ལྷག་ཟིན་ཡོད་ལ། ས་ཁུལ་སྐོར་ཞིག་ལ་སྡེ་བ་ཡོངས་ལ་ཁྱབ་ཡོད་པས། ཕན་ནུས་ལྡན་པའི་སྒོ་ནས་ས་ཁུལ་སོ་སོའི་སྡེ་བ་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་པར་མཛུབ་ཁྲིད་བྱས་ཡོད།

ད་ལོར་ལག་བསྟར་བྱེད་མགོ་བརྩམས་པའི་མཐོ་སྒང་གི་མཛེས་སྡུག་ཤང་སྡེ་འཛུགས་སྐྲུན་ཁྲོད། མཚོ་སྔོན་གྱིས་འཆར་འགོད་སྒྲིག་བཟོ་ཇེ་མགྱོགས་སུ་གཏོང་བ་དེ་འཛུགས་སྐྲུན་ལ་སྐུལ་ཁྲིད་བྱེད་པའི་བཟོ་འགོད་གལ་ཆེན་ཏུ་བརྩིས་ཡོད་པ་དང་། འཆར་འགོད་སྒྲིག་བཟོའི་བླང་བྱ་དང་མཐུན་ལ་ཆོག་མཆན་ཐོབ་པའི་སྡེ་བའི་འཆར་འགོད་དག་མྱུར་ཏུ་ལག་བསྟར་བྱེད་རྒྱུ་རེད། དུས་མཚུངས་སུ་ཧུར་བརྩོན་གྱིས་ཤང་སྡེའི་འཛུགས་སྐྲུན་འཆར་འགོད་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ་སྡེ་བའི་འཆར་འགོད་ལག་བསྟར་བྱེད་ཤུགས་ཇེ་མཐོར་གཏོང་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག