མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་པོ་མཛེས་ལྗོངས་ཁུལ་དེ་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པའི་ཀྲུང་གོའི་རིག་གནས་གནས་སྐོར་མིང་གྲགས་མཛེས་ལྗོངས་ཁུལ་དུ་བདམས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-04-19 11:44

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཟླ4བའི་ཚེས12ཉིན པེ་ཅིན་ནས་བསྡུས་པའི་སྐབས་གཉིས་པའི་ཀྲུང་གོའི་རིག་གནས་གནས་སྐོར་ཆས་རྟགས་འཛུགས་སྐྲུན་དང་འཕེལ་རྒྱས་རྩེར་སོན་ཚོགས་འདུ་དང“འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པའི་ཀྲུང་གོའི་རིག་གནས་གནས་སྐོར་མིང་གྲགས་ཆས་རྟགས”ཁྱབ་བསྒྲགས་ཚོགས་འདུའི་སྟེང་། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་དེ“འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པའི་ཀྲུང་གོའི་རིག་གནས་གནས་སྐོར་མིང་གྲགས་མཛེས་ལྗོངས་ཁུལ”དུ་བདམས།

ཐེངས་འདིའི་བྱ་འགུལ་དེ་མི་དམངས་དྲ་བ་དང་ཀྲུང་གོ་གནས་སྐོར་ཚགས་པར་ཁང་། ཀྲུང་ཧྭ་རིག་གནས་སྐུལ་འདེད་ཚོགས་པའི་གནས་སྐོར་རིག་གནས་ཞིབ་འཇུག་ལྟེ་གནས། ཧྥིན་ཧོང་བརྙན་འཕྲིན་ཡོ་རོབ་གླིང་བརྙན་འཕྲིན་ཁང་། ཧྥིན་ཧོང་བརྙན་འཕྲིན་མེ་གླིང་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་རེད། ཚོགས་འདུའི་ཡུལ་དངོས་སུ“འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པའི་ཀྲུང་གོའི་རིག་གནས་གནས་སྐོར་མིང་གྲགས་ཆས་རྟགས”ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། དེའི་ནང་མིང་གྲགས་མཁར་གྲོང་དང་རྫོང་། གྲོང་རྡལ། མཛེས་ལྗོངས་ཁུལ། མི། འབོད་ཚིག་སོགས་རིགས6གི་གནས་སྐོར་ཆས་རྟགས་ཚུད་ཡོད། དཔྱད་འདེམས་བྱ་འགུལ་མགོ་བརྩམས་པའི་ཚུན་བསྡོམས་པས་མི་ཐེངས་ཁྲི9000ལྷག་དཔྱད་འདེམས་ལ་ཞུགས་པ་དང་། མཐར་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་ལ“འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པའི་ཀྲུང་གོའི་རིག་གནས་གནས་སྐོར་མིང་གྲགས་མཛེས་ལྗོངས་ཁུལ”གྱི་མཚན་སྙན་ཐོབ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག