མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གཅིག་སྒྲིལ་རྫོང་གིས་རྩྭ་སའི་ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག་བྱ་འགུལ་སྤེལ་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-19 11:44

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྩྭ་སའི་དོ་དམ་ས་ཚིགས་ཀྱི《ཁུལ་ཡོངས་ཀྱིས2014ལོར་རྩྭ་སའི་ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག་ཟླ་བ་དང་སྐྱེ་ཁམས་སྲུང་སྐྱོང་དྲིལ་སྒྲོག་ཟླ་བའི་བྱ་འགུལ་སྤེལ་བའི་སྐོར་གྱི་བརྡ་སྦྱོར》གྱི་དགོངས་དོན་ལ་གཞིགས་ཏེ། ཟླ4བའི་ཚེས17ཉིན། གཅིག་སྒྲིལ་རྫོང་ཞིང་ཕྱུགས་ཅུའུ་ཡིས་རྩྭ་སའི་ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག་བྱ་འགུལ་སྤེལ།

དྲིལ་སྒྲོག་བྱ་འགུལ་གྱིས་ཡིག་བྱང་འགེལ་བ་དང་ཡུལ་དངོས་ནས་འགྲེལ་བཤད་བྱེད་པ། དྲིལ་སྒྲོག་རྒྱུ་ཆ་སྟེར་བ་སོགས་ཀྱི་རྣམ་པར་བརྟེན་ནས། རྒྱ་བོད་སྐད་གཉིས་ཀྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་སའི་བཅའ་ཁྲིམས》དང་མཚོ་སྔོན་ཞིང་ཆེན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྩྭ་སའི་བཅའ་ཁྲིམས》ལག་བསྟར་བྱེད་ཐབས། 《རྩྭ་སའི་མེ་འགོག་སྲོལ་ཡིག》། 《མེ་འགོག་དྲིལ་སྒྲོག་རི་མོའི་ལག་དེབ》། 《སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོང་སྲོལ་ཡིག》། 《མགོ་ལོག་ཁུལ་དབྱར་རྩྭ་དགུན་འབུ་ཐོན་ཁུངས་དོ་དམ་བྱེད་ཐབས》། 《ཀྲུང་ལུགས་སྨན་རྩྭ་བརྐོ་མི་ཆོག་པའི་བརྡ་སྦྱོར》སོགས་དྲིལ་སྒྲོག་རྒྱུ་ཆ་བྱིན། ཐེངས་འདིའི་བྱ་འགུལ་ལ་བརྡ་སྦྱོར100བཏང་བ་དང་ཡིག་བྱང2བཀེལ་ལ། རིགས་སོ་སོའི་དྲིལ་སྒྲོག་རྒྱུ་ཆ3500ལྷག་བཀྲམས།

དྲིལ་སྒྲོག་བྱས་པ་བརྒྱུད། སྔར་ལས་ལྷག་པའི་སྒོ་ནས་རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱིས་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་དང་ཁྲིམས་ལུགས་འདུ་ཤེས་ཇེ་མཐོར་བཏང་བའི་དུས་མཚུངས་སུ་གཅིག་སྒྲིལ་རྫོང་གི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོང་དང་སྐྱེ་ཁམས་དཔལ་ཡོན་སྔོན་ཐོན་ས་ཁུལ་གསར་འཛུགས་བྱེད་པའི་བྱ་བར་རྨང་གཞི་ལེགས་པོ་བཏིངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག