མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རིན་ཆེན་རྣམ་རྒྱལ་གྱིས་རྨ་ལྷོ་དང་མགོ་ལོག་ཁུལ་གཉིས་ཀྱི་བྱ་བར་རྟོག་ཞིབ་བྱས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-19 11:44

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་གྱིས་ཞིང་ཆེན་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་། ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་པུའུ་ཡིས་གྲུབ་པའི་རྟོག་ཞིབ་ཚན་ཆུང་ཁྲིད་དེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཉིས་ཀྱི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་བཅོས་སྒྱུར་གནས་ཚུལ་ལ་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་གིས་སོ་སོར་ཁུལ་གཉིས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་བཅོས་སྒྱུར་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན་པ་དང་། ཁུལ་གཉིས་ཀྱི་མི་དམངས་སྨན་ཁང་དང་། རྨ་ལྷོ་ཁུལ་བོད་སྨན་ཁང་གཉིས་ལ་རྟོག་ཞིབ་བྱས་ཤིང་། འབྲེལ་ཡོད་བཞུགས་མོལ་ཚོགས་འདུ་བསྡུས་ནས། གཞི་རིམ་གྱི་སྨན་བཅོས་བྱ་བ་སྒྲུབ་མཁན་དང་མི་དམངས་མང་ཚོགས་ཀྱིས་སྨན་བཅོས་བཅོས་སྒྱུར་བྱ་བའི་ཐད་ལ་འཛིན་པའི་ལྟ་སྟངས་དང་རེ་བ་ཅི་འདྲ་ཡོད་པར་ཉན་པ་མ་ཟད། རྨ་ཆེན་དང་དགའ་བདེ། རྩེ་ཁོག་དང་ཐུན་རིན་རྫོང་བཅས་ཀྱི་བྱ་བར་རྟོག་ཞིབ་བྱས། རྫོང་རིམ་པ་དང་ཞང་གྲོང་། གཞིས་ཁུལ་དང་སྡེ་བའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་བཅས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། སྨན་བཅོས་སྒྲིག་ཆས་བཀོལ་སྤྱོད། གཞི་རིམ་སྤྱི་སྤྱོད་འཕྲོད་བསྟེན་ཞབས་ཞུ་སོགས་གནས་ཚུལ་ལ་རྟོག་ཞིབ་བྱས།

རིན་ཆེན་རྣམ་རྒྱལ་གྱིས་བསྟན་དོན། མགོ་ལོག་དང་རྨ་ལྷོ་ཁུལ་གཉིས་ཀྱིས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བཅོས་སྒྱུར་བྱ་བ་དེ་དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བའི་བཟོ་སྐྲུན་ཞིག་ཏུ་བརྩིས་ནས་བྱ་བ་ནན་ཏན་སྒོས་བསྒྲུབ་ཏེ་ཕན་འབྲས་མངོན་གསལ་བླངས་ཟེར། མུ་མཐུད་དུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བཅོས་སྒྱུར་བྱ་བ་གཏིང་ཟབ་དུ་སྤེལ་ནས། རྒྱུན་ཆད་མེད་པར་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་འགན་སྲུང་བྱེད་པའི་བྱ་བ་འཐུས་ཚང་གཏོང་དགོས་པ་དང་། སྨན་བཅོས་འགན་སྲུང་ཁྱབ་ཚད་བརྟན་འཇགས་དང་རྒྱ་བསྐྱེད་དགོས། སྨན་བཅོས་འཕྲོད་བསྟེན་ཐད་ཀྱི་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་པའི་བྱ་བར་ཤུགས་སྣོན་དགོས་པ་དང་། ཆེད་ལས་ཤེས་ལྡན་མི་སྣ་ནང་འདྲེན་བྱས་ནས་མི་རིགས་སྨན་བཅོས་ལས་དོན་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས་པ། བྱེད་ཐབས་རྒྱུན་འཛིན་བྱེད་པ་དང་། དཔུང་སྡེ་འཛུགས་སྐྲུན། ལག་རྩལ་བསྒྱུར་བཀོད། ཚད་གཞི་གཟབ་ནན། ཚོང་ར་གསར་གཏོད་བྱེད་པ་སོགས་ཕྱོགས་མང་བོའི་ཐད་ནས་བོད་སྨན་བཅོས་སྒྱུར་དང་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག