མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་དང་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-19 11:43

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་དང་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་ཟླ་བཞི་བའི་ཚེས་བཅུ་བདུན་ཉིན་ཟི་ལིང་ནས་བསྡུས། ཚོགས་ཐོག་ནས2013ལོའི་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་དང་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱ་བར་སྤྱི་བསྡོམས་དང་། ད་ལོའི་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅོན་གྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཅི་རིན་ཧྥུན་གྲོས་ཚོགས་ལ་ཞུགས།

ཝང་ཅན་ཅོན་གྱིས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་དང་འགན་སྲུང་བྱེད་པའི་མཐོ་ཚད་ནས། གནས་བབ་གསར་བའི་འོག་གི་ཕྱོགས་བསྡུས་བཅོས་སྐྱོང་དང་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱ་བའི་འགན་ཁུར་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་སྤྱི་ཚོགས་ཀྱི་དྲང་བདེན་དྲང་གཞག་ལ་སྐུལ་འདེད་བྱེད་པ། མི་དམངས་ཀྱི་བདེ་སྡོད་ལས་བསྐྲུན་ལ་འགན་སྲུང་བྱེད་པའི་སྤྱིའི་རེ་བ་དམ་འཛིན་བྱས་ཏེ། མུ་མཐུད་དུ་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ཟབ་སྤེལ་བྱེད་པ་དེ་འདྲེན་བྱེད་དངོས་བོར་བརྩིས་ནས། མ་ལག་གིས་བཅོས་སྐྱོང་དང་ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། མགོ་ཁུངས་ནས་བཅོས་སྐྱོང་བྱེད་པར་རྒྱུན་འཁྱོངས་བྱེད་པ་དང་། ཤུགས་ཡོད་རྒུས་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་གནོད་པ་བཟོ་བའི་འབུར་ཐོན་གནད་དོན་ཐག་གཅོད་དང་ཡུན་རིང་བཅོས་སྐྱོང་དང་ཡུན་རིང་གཏན་འཇགས་ལ་གནོད་པ་བཟོ་བའི་གནད་དོན་གཙོ་བོ་ཐག་གཅོད་བྱས་ནས། བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་དང་ཤུགས་ཡོད་རྒུས་ཁུལ་གསུམ་འཛུགས་སྐྲུན་བྱེད་པ། ཕྱོགས་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་བཅས་ཐད་གཏན་འཇགས་ཀྱི་ཁོར་ཡུག་ཅིག་བསྐྲུན་པར་བྱས་རྗེས་འཇོག་དགོས་ཟེར།

ཚོགས་ཐོག་ནས་ད་དུང2013ལོའི་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་དང་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱ་བ་དང་དེའི་ཐད་ཀྱི་དཔྱད་ཞིབ་ཚད་བསྡུར་གནས་ཚུལ་གྱི་བརྡ་ཁྱབ་སྤེལ་བ་དང་། 2013ལོའི་དམིགས་འབེན་དཔྱད་ཞིབ་ཀྱི་ཕུལ་བྱུང་ས་ཁུལ་དང་ཕུལ་བྱུང་སྡེ་ཁག་ལ་གཟེངས་བསྟོད་བྱས་པ་མ་ཟད། 2014ལོའི་ཕྱོགས་བསྡུས་བཅོས་སྐྱོང་དང་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་དམིགས་འབེན་ལས་འགན་ཡི་གེ་བྲིས།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག