མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་རིགས་གཞུང་ཞིབ་བསྡུར་ཚོགས་འདུ་ཟི་ལིང་ནས་བསྡུས་པ།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-19 11:43

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་རིགས་གཞུང་ཞིབ་བསྡུར་ཚོགས་འདུ་ཟི་ལིང་ནས་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ལིན་ཅོན་གྱིས་ཚོགས་ཐོག་ཏུ་གཏམ་བཤད། ཆེད་རྩོམ་གྱི་བྱ་དགའ་ཐོབ་པའི་རྩོམ་པ་པོ་ཁ་ཤས་ཀྱིས་གྲོས་ཚོགས་སྟེང་བརྗེ་རེས་གཏམ་བཤད་སྤེལ།

ཞིབ་བསྡུར་ཚོགས་འདུའི་སྟེང་ཕུལ་བྱུང་ཆེད་རྩོམ་བརྒྱད་ཅུ་བདམས། ཆེད་རྩོམ་དེ་དག་གིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་ལ་དམིགས་ནས་དུས་རབས་ཀྱི་རྒྱབ་ལྗོངས་དང་གཞི་རྩའི་ནང་དོན། དམིགས་འབེན་དང་རེ་བ་བཅས་ཀྱི་ཕྱོགས་ནས་ཉམས་མྱོང་དང་བྱེད་ཐབས་ལ་གོ་རིམ་ལྡན་པའི་ངང་སྤྱི་བསྡོམས་བྱས་པ་དང་། གནད་དོན་དང་འགལ་བ་ཐག་གཅོད་པའི་ནུས་ལྡན་བྱེད་ཐབས་གཏན་འཁེལ་བྱས་ནས། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་བཟང་བོར་སྤེལ་བ་དང་། ཡུན་རིང་ལ་གོ་ཆོད་པའི་ལམ་ལུགས་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ཞིང་ཆེན་གྱི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་བཟང་བོར་སྤེལ་བའི་རིགས་གཞུང་གི་བང་མཛོད་ཕུན་སུམ་ཚོགས་པ་དང་འཐུས་ཚང་དུ་གཏོང་བར་ནུས་པ་བཟང་བོ་བཏོན་པར་མ་ཟད། རིགས་གཞུང་གི་རྒྱབ་རྟེན་བྱེད་ས་མང་པོ་འདོན་སྤྲོད་བྱས།

ཝང་ལིན་ཅོན་གྱིས་ནན་གྱིས་བཤད་རྒྱུར། བསམ་བློའི་གནད་དོན་ཐག་གཅོད་བྱེད་པ་ནི་རིགས་གཞུང་ཞིབ་བསྡུར་བྱ་བ་སྔར་ལས་བཟང་བོར་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ། བསམ་བློའི་སྟེང་ནས་བྱ་བ་དེར་མཐོང་ཆེན་བྱས་ན། ད་གཟོད་རིགས་གཞུང་ཞིབ་བསྡུར་བྱ་བ་བཟང་བོར་སྒྲུབ་པར་ཁག་ཐེག་བྱེད་ཐུབ་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག