མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྒྱལ་སྲིད་སྤྱི་ཁྱབ་ཁང་དཔྱད་ཞིབ་ཚན་ཆུང་གིས་མཚོ་སྔོན་གྱིས་མེ་འགོག་མེ་གསོད་བྱ་བར་རྟོག་ཞིབ་དང་དཔྱད་ཞིབ་ཚད་བསྡུར་བྱས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-19 11:42

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར། སྤྱི་བདེ་པུའུ་མེ་འགོག་མེ་གསོད་ཅུའུ་ཡི་ཅུའུ་ཀྲང་ཡུས་ཅན་ཧྭས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དཔྱད་ཞིབ་ཚན་ཆུང་བརྒྱད་པ་ཁྲིད་ནས་མཚོ་སྔོན་དུ་ཡོང་ནས་མཚོ་སྔོན་ཞིང་ཆེན་གྱི2013ལོའི་མེ་འགོག་མེ་གསོད་བྱ་བར་རྟོག་ཞིབ་དང་དཔྱད་ཞིབ་ཚད་བསྡུར་བྱས། དཔྱད་ཞིབ་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་། ཟི་ལིང་གྲོང་ཁྱེར་སྲིད་གཞུང་གཉིས་ཀྱི་བྱ་བའི་གནས་ཚུལ་སྐོར་གྱི་མཚམས་སྦྱོར་ལ་ཉན་པ་དང་། འབྲེལ་ཡོད་ཡིག་ཆ་དང་རྩིས་ཐོ་ལ་ཀློག་བཤེར། འབྲེལ་ཡོད་ལས་ཁུངས་དང་སྤྱི་ཚོགས་ལས་ཁུངས་ལ་ཡུལ་དངོས་རྟོག་ཞིབ་བྱས། ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིག་ཀྲི་ཆང་གིས་མེ་འགོག་མེ་གསོད་བྱ་བའི་སྙན་ཞུ་ཕུལ་བར་མ་ཟད་དཔྱད་ཞིབ་བསམ་འཆར་ལ་ལན་འདེབས་པའི་གྲོས་ཚོགས་ལ་ཞུགས།

ཡུས་ཅན་ཧྭས་ཉེ་བའི་ལོ་འགའི་རིང་མཚོ་སྔོན་ཞིང་ཆེན་གྱི་མེ་འགོག་མེ་གསོད་བྱ་བ་དང་མེ་འགོག་མེ་གསོད་རུ་ཁག་འཛུགས་སྐྲུན་ཐད་ནས་བླངས་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ལྷག་པར་དུ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་མེ་འགོག་མེ་གསོད་བྱ་བར་མཐོང་ཆེན་ཆེན་པོ་བྱས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་བཀོད་སྒྲིག་ལ་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་བཅངས་བའི་རྣམ་འགྱུར་བརྟན་པོ་ཡིན་པ་དང་བསམ་ཕྱོགས་དང་འགན་འཁྲི་གསལ་བོ་ཡིན། བྱེད་ཐབས་བྱེ་བྲག་སྤྱོད་པ་བཅས་བྱས་ཏེ། གྲུབ་འབྲས་ཅུང་མངོན་གསལ་བླངས་ཟེར། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་བདེ་འཇགས་ཐོན་སྐྱེད་བྱ་བའི་སྐོར་གྱི་བཀའ་ཁྱབ་གཙོ་བོའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། མེ་འགོག་མེ་གསོད་བྱ་བའི་འགན་འཁྲིའི་ལག་བསྟར་བྱེད་པའི་ཐད་ཤུགས་འདོན་དགོས་པ་དང་། མེ་འགོག་མེ་གསོད་ཐད་ཀྱི་བདེ་འཇགས་འགན་འཁྲི་མ་ལག་འཛུགས་པ་དང་དེ་འཐུས་ཚང་དུ་གཏོང་བ། མགོ་ཁྲིད་ཀྱི་འགན་འཁྲི་དང་ལས་རིགས་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི། སྤྱི་ཚོགས་ལས་ཁུངས་ཀྱི་འགན་འཁྲི་གཙོ་བོ་བཅས་དོན་འཁྱོལ་བཟང་བོ་བྱེད་དགོས་པ་དང་། མེ་འགོག་མེ་གསོད་ཀྱི་ལྟ་སྐུལ་དོ་དམ་ནན་མོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་མེ་འགོག་མེ་གསོད་ཀྱི་བདེ་འཇགས་གནས་བབ་ཀྱི་རྒྱུན་མཐུད་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ལ། གནད་དོན་ཁ་ཕྱོགས་སུ་བྱེད་པར་རྒྱུན་འཁྱོངས་བྱས་ནས། ནུས་ཤུགས་ཡོད་རྒུས་མེ་འགོག་མེ་གསོད་ཀྱི་བདེ་འཇགས་ལ་གནོད་པ་བཟོ་བ་དང་བཀག་འགོག་བྱེད་པའི་འབུར་ཐོན་གནད་དོན་དང་དཀའ་གནད་ཐག་གཅོད་བྱེད་པ་དང་། མེ་འགོག་མེ་གསོད་ཀྱི་བདེ་འཇགས་ཐད་ཀྱི་དྲིལ་སྒྲོག་དང་སློབ་གསོ། སྦྱོང་བརྡར་བྱེད་ཤུགས་ཇེ་ཆེར་བཏང་ནས། སྤྱི་ཚོགས་ཀྱི་མེ་འགོག་མེ་གསོད་ཐད་ཀྱི་བདེ་འཇགས་འདུ་ཤེས་དང་སྤྱི་དམངས་ཀྱི་མེ་འགོག་མེ་གསོད་ཐད་ཀྱི་བདེ་འཇགས་བྱང་ཚད་མཐོར་འདེགས་བྱེད་དགོས་ཞེས་ནན་གྱིས་བསྟན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག